འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཅང་ཤིས་སུ་ཁེ་ལས་ཐོ་འགོད་བྱེད་པར་ཉིན་5ལས་མི་འགོར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་13ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཁེ་ལས་ཐོ་འགོད་ལས་དོན་ལེགས་སྒྲིག་བྱས་པ་བརྒྱུད། ཅང་ཤིས་སུ་ཟླ་དྲུག་པའི་ཟླ་མཇུག་གོང་ཁེ་ལས་ཐོ་འགོད་བྱེད་པར་ཉིན་5ལས་མི་འགོར་བ་བྱས་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྔར་བས་འཕེལ་རྒྱུ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཅང་ཤིས་ཀྱིས་ལས་རིམ་ཧྲིལ་པོའི་དོན་ཚན་ཚད་ལྡན་ཅན་དང་། དྲ་ཐོག་དང་དྲ་ཕྱིར“སྐར་ཁུང་གཅིག”གི་བདག་སྤྲོད། གྲངས་འཛིན་ཆ་འཕྲིན་གྱི་འགལ་རྐྱེན་མེད་པར་བཟོ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁེ་ལས་ཐོ་འགོད་བྱེད་སྐབས་ཐོ་འགོད་བྱེད་པར་ལས་ཡུན་ཉིན་3ནང་ལེགས་གྲུབ་ཐུབ་པ་དང་། ཐམ་ག་རྒྱག་པར(ཐོ་འགོད་སྙན་སེང་ཚུད་པ)ལས་ཡུན་ཉིན་1ནང་ལེགས་གྲུབ་ཐུབ་པ། སྤ་སེ་ལེན་པ་ལས་ཡུན་ཉིན་1ནང་ལེགས་གྲུབ་ཐུབ་པ་བཅས་རེད།
          ཅང་ཤིས་ཀྱིས་ཁེ་ལས་ཐོ་འགོད་བྱེད་པའི་ལས་རིམ་ཧྲིལ་པོར་སྤྱོད་པའི་དགོས་ངེས་ཀྱི་གོ་རིམ་ལྟར། ཁེ་ལས་ཐོ་འགོད་ཀྱི་ལས་རིམ་ཧྲིལ་པོ་གསེད་བཀྲོལ་དང་བཟང་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཐོ་འགོད་ལས་དོན་སྒྲུབ་པའི་ཕྱོགས་སྟོན་ཚད་ལྡན་ཞིག་བཟོས་ནས་ལྷུ་ཚིགས་ཁག་གི་ལས་སྒྲུབ་དུས་བཀག་ནན་དུ་བཏང་བ་དང་། “བབ་བསྟུན་བདག་སྤྲོད་དང་། ལན་སྤྲོད་དམ་བཅའ” “ཐེངས་གཅིག་རང་དུ་ལན་སྤྲོད་པ”“ཐེངས་གཅིག་རང་དུ་བདག་སྤྲོད་བྱེད་པ”སོགས་ཀྱི་ཞབས་ཞུའི་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།