འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་འགྲིམ་འགྲུལ་ཡུལ་སྐོར་གྱི་གྲངས་གཞི་ཆེ་མོའི་ལྟེ་གནས་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་12ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་དུས། བོད་རང་སྐྱོང་ལྗོངས་ཀྱིས་འགྲིམ་འགྲུལ་ཡུལ་སྐོར་གྱི་གྲངས་གཞི་ཆེ་མོའི་ལྟེ་གནས་ཀྱིས་གཙོས་པའི་ལག་རྩལ་ལྟེ་བའི་ཡུལ་སྐོར་ཕྱིར་སྐྱོད་ཀྱི་རྣམ་གྲངས་ཏེ“འབྲི་གཡག་ཕྱིར་སྐྱོད”ཅེས་པ་ཁྱབ་བསྒྲགས་བྱས་པ་ལས་བོད་ལྗོངས་ཀྱི་འགྲིམ་འགྲུལ་ཡུལ་སྐོར་གྱི་གྲངས་གཞི་ཆེ་མོའི་ལྟེ་གནས་དངོས་སུ་བཙུགས་པ་མཚོན་ཡོད།
          ངོ་སྤྲོད་བྱས་པར་གཞིགས་ན། ལྟེ་གནས་དེ་བཙུགས་རྗེས་ཕྱིར་ཡུལ་སྐོར་བྱེད་པའི་དགོས་མཁོའི་ཆ་འཕྲིན་དང་ཐོན་ཁུངས་ཀྱི་ཆ་འཕྲིན་རྒྱུན་མི་ཆད་པར་བསྡུ་སྒྲིལ་བྱས་ཏེ་བོད་ལྗོངས་ཀྱི་འགྲིམ་འགྲུལ་ཡུལ་སྐོར་གྱི་གྲངས་གཞི་ཆེ་མོ་འཛུགས་པའི་ཁྲོད་ལྷག་པའི་འགྲིམ་འགྲུལ་ཞབས་ཞུའི་བྱེད་པོ་ཁ་ཐོར་དང་ལྟ་སྡོམ་གྲངས་གཞིའི་འབྱུང་ཁུངས་ཁ་ཐོར་ཡིན་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
          “‘འབྲི་གཡག་ཕྱིར་སྐྱོད’ཅེས་པས་སྤྲིན་ཚོགས་རྩིས་རྒྱག་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས་སོགས་ཀྱི་ལག་རྩལ་སྤྱད་དེ་རིག་ནུས་རྟ་སྒ་ཆ་འགྲིག་ངང་བསྐྱོད་པའི་དགོས་མཁོ་དང་ཐོན་ཁུངས་ལ་བརྟེན་ནས་བོད་ལ་རིག་ལྡན་དང་། སྐྱོན་བྲལ། སྟབས་བདེ་བཅས་ལྡན་པའི་ངང་ཕྱིར་སྐྱོད་པའི་སྣོད་བཅུད་རྣམ་གྲངས་ཤིག་གཏོད་རྒྱུ་རེད”ཅེས་འབྲེལ་ཡོད་འགན་འཁུར་བ་ཝུའུ་ཡོན་ཧུའུ་ཡིས་བཤད་པ་དང་། ཁོང་གིས“འབྲི་གཡག་ཕྱིར་སྐྱོད”ཅེས་པ་དེས་ཡུལ་སྐོར་དང་། ཚོང་པ། སྲིད་གཞུང་བཅས་ཕྱོགས་གསུམ་དབར་སྦྲེལ་མཐུད་ནུས་ལྡན་བྱས་ནས་བོད་ཀྱི་འགྲིམ་འགྲུལ་ཡུལ་སྐོར་གྱི་ལས་རིགས་ཀྱི་ཕན་ནུས་ཆེ་ཤོས་འདོན་ཐུབ་རྒྱུ་རེད་ཅེས་བཤད།
          ལྷ་ས་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་ཀྲང་ཀྲེང་གིས“‘འབྲི་གཡག་ཕྱིར་སྐྱོད’ཀྱི་རྣམ་གྲངས་ལས་སྒོ་དང་དེའི་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་སོང་ནས་ཡུལ་སྐོར་འགྲུལ་བཞུད་ཀྱི་ཞབས་ཞུ་དང་། ཕྱིར་སྐྱོད་དོ་དམ། ཕྱིར་སྐྱོད་མྱོང་རོལ་རིག་ནུས་ཅན་བཅས་སྔར་བས་ཐུབ་སྟེ་ཡུལ་སྐོར་བར་གང་དགའ་གང་སྐྱིད་ཡོང་བ་དང་སྲིད་གཞུང་གི་ཞབས་ཞུའང་གང་སར་ཁྱབ་པའི་ཚོར་སྣང་ཞིག་དངོས་འབྲེལ་སྦྱིན་རྒྱུ་རེད”ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།