འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སར་རླངས་སྣུམ་ཨང་92པ་ཀུང་ཧྲེང་རེར་སྒོར་0.11དམའ་རུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་11ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་《རྒྱལ་ནང་གི་སྣུམ་གྱི་རིན་གོང་ལམ་སྲོལ་ལྟར་དམའ་རུ་བཏང་བའི་》བླང་བྱ་ལྟར། བོད་ལྗོངས་ཀྱི་བཅོས་སྣུམ་ཕྱིར་འཚོང་རིན་གོང་2018ལོའི་ཟླ་6ཚེས་8ཉིན་ནས་བཟུང་རྒྱལ་ཡོངས་དང་མཉམ་དུ་དམའ་རུ་བཏང་ཡོད།
          རིན་གོང་ལེགས་སྒྲིག་བྱས་རྗེས་ལྷ་ས་ཁུལ་དུ་རླངས་སྣུམ་ཨང་95པར་ཏུན་རེར་སྒོར་11690.41དེ་སྒོར་11543.78དུ་དམའ་རུ་བཏང་བས། ཀུང་ཧྲང་རེར་སྒོར་8.77དེ་སྒོར་8.66ཏུ་དམའ་རུ་བཏང་ནས་སྒོར་0.11ཆག་ཡོད། རླངས་སྣུམ་ཨང་92པར་ཏུན་རེར་སྒོར་11080.50དེ་སྒོར་10933.65རུ་དམའ་རུ་བཏང་བས། ཀུང་ཧྲེང་རེར་སྒོར་8.30དེ་སྒོར་8.19རུ་དམའ་རུ་བཏང་ནས་སྒོར་0.11ཆག་ཡོད། རླངས་སྣུམ་ཨང་89པར་ཏུན་རེར་སྒོར་10453.05དེ་སྒོར་10319.55རུ་དམའ་རུ་བཏང་བས། ཀུང་ཧྲང་རེར་སྒོར་7.83དེ་སྒོར་7.73དུ་དམའ་རུ་བཏང་ནས་སྒོར་0.10ཆག་ཡོད།
          རིན་གོང་ལེགས་སྒྲིག་བྱས་རྗེས་ཆབ་མདོ་ཁུལ་དུ་རླངས་སྣུམ་ཨང་95པར་ཏུན་རེར་སྒོར་13009.01དེ་སྒོར་12875.31ཏུ་དམའ་རུ་བཏང་བས། ཀུང་ཧྲང་རེར་སྒོར་9.73དེ་སྒོར་9.63དུ་དམའ་རུ་བཏང་ནས་སྒོར་0.10ཆག་ཡོད། རླངས་སྣུམ་ཨང་92པར་ཏུན་རེར་སྒོར་12309.60དེ་སྒོར་12175.80རུ་དམའ་རུ་བཏང་བས། ཀུང་ཧྲེང་རེར་སྒོར་9.20དེ་སྒོར་9.10རུ་དམའ་རུ་བཏང་ནས་སྒོར་0.10ཆག་ཡོད། རླངས་སྣུམ་ཨང་89པརཏུན་རེར་སྒོར་11613.84དེ་སྒོར་11493.42སུ་དམའ་རུ་བཏང་བས། ཀུང་ཧྲང་རེར་སྒོར་8.68དེ་སྒོར་8.59རུ་དམའ་རུ་བཏང་ནས་སྒོར་0.09ཆག་ཡོད།
          རིན་གོང་ལེགས་སྒྲིག་བྱས་རྗེས་མངའ་རིས་ཁུལ་དུ་རླངས་སྣུམ་ཨང་95པར་ཏུན་རེར་སྒོར་13543.81དེ་སྒོར་13396.74རུ་དམའ་རུ་བཏང་བས། ཀུང་ཧྲང་རེར་སྒོར་10.13དེ་སྒོར་10.02སུ་དམའ་རུ་བཏང་ནས་སྒོར་0.11ཆག་ཡོད། རླངས་སྣུམ་ཨང་92པར་ཏུན་རེར་སྒོར་12818.04དེ་སྒོར་12670.86དུ་དམའ་རུ་བཏང་བས། ཀུང་ཧྲེང་རེར་སྒོར་9.58དེ་སྒོར་9.47དུ་དམའ་རུ་བཏང་ནས་སྒོར་0.11ཆག་ཡོད། རླངས་སྣུམ་ཨང་89པརཏུན་རེར་སྒོར་12095.52དེ་སྒོར་11961.72སུ་དམའ་རུ་བཏང་བས། ཀུང་ཧྲང་རེར་སྒོར་9.04དེ་སྒོར་8.94རུ་དམའ་རུ་བཏང་ནས་སྒོར་0.10ཆག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།