འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་རོམ་ཕུ་སིང་ཀ་ཕོར་འབྱོར་བ་དང་ཨ་རི་དང་བྱང་ཁོ་རེ་ཡའི་འགོ་ཁྲིད་ཐུག་འཕྲད་བྱ་རྒྱུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་11ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཐེ་རོམ་ཕུ་སིང་ཀ་ཕོར་འབྱོར་བ་དང་ཨ་རི་དང་བྱང་ཁོ་རེ་ཡའི་འགོ་ཁྲིད་ཐུག་འཕྲད་བྱ་རྒྱུ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་10ཉིན། རྒྱལ་ཁབ་བདུན་གྱི་དབུ་ཚོགས་ནས་སྔ་སྣུར་གྱེས་བའི་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཚེས་10ཉིན་སིང་ཀ་ཕོར་འབྱོར་བ་དང་། ཚེས་12ཉིན་ལ་བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་ཀྱི་ཚོགས་འདུར་ཞུགས་རྒྱུའི་གྲ་སྒྲིག་བྱས་པ་རེད།
         འཆར་གཞི་ལྟར་ན། ཐེ་རོམ་ཕུ་དང་བྱང་ཁོ་རེ་ཡའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེན་ཨེན་གཉིས་ཚེས་12ཉིན་ཧྲེན་ཐའོ་གླིང་ཕྲན་གྱི་ཅ་ལེ་མགྲོན་ཁང་དུ་ཐུག་འཕྲད་བྱ་རྒྱུ་དང་། འདི་ནི་ལོ་རྒྱུས་ཐོག་ཏུ་བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་ཐོག་མར་ཐུག་འཕྲད་བྱེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།