འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་འདྲེན་སྦུག་ཀུའེ་ཀྲོའུ་ཆིང་ལོང་ཧྲ་ཙི་མཚམས་སུ་ཕྱིར་
    འཕྱུར་སྟེ་འབར་གས་བྱུང་ནས་མི་9ལ་རྨས་སྐྱོན་ཚབས་ཆེན་ཕོག

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་11ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་འདྲེན་སྦུག་ཀུའེ་ཀྲོའུ་ཆིང་ལོང་ཧྲ་ཙི་མཚམས་སུ་ཕྱིར་
འཕྱུར་སྟེ་འབར་གས་བྱུང་ནས་མི་9ལ་རྨས་སྐྱོན་ཚབས་ཆེན་ཕོག
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་10ཉིན་ཆུ་ཚོད་23དང་སྐར་མ་20ཡོལ་ཙམ་དུ། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་འདྲེན་སྦུག་ཀུའེ་ཀྲོའུ་ཆིང་ལོང་རྫོང་ཧྲ་ཙི་གྲོང་རྡལ་སན་ཧུའུ་གྲོང་ཚོ་རུ་འབར་གས་ཀྱི་གནས་ཚུལ་བྱུང་བ་དང་། མིག་སྔའི་བར་དུ། ཡུལ་དངོས་ནས་མྱུར་སྐྱོབ་བྱ་ཐུབ་པའི་ནང་དུ་རྐྱེན་ལམ་དུ་ཤོར་བའི་མི་མེད་པ་དང་། མི་9ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། གསར་འགོད་པས་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཁག་ལས་ཤེས་རྟོགས་བྱུང་བ་ལ་གཞིགས་ན། རང་བྱུང་སོལ་རླངས་འབར་གས་བྱུང་རྗེས་སུ། འདྲེན་སྦུག་སྣེ་གཉིས་སུ་རང་འགུལ་ངང་དུས་ཚོད་དང་པོར་སྒོ་རྒྱབ་པ་རེད།
         ཚེས་11ཉིན་གྱི་ཆུ་ཚོད་2དང་སྐར་མ་30ཡོལ་ཙམ་ལ། མེ་བསོད་ཐུབ་ཡོད་པ་རེད། གནས་ཚུལ་བྱུང་རྗེས་སུ། འབྲེལ་ཡོད་སྡེ་ཁག་གི་མི་སྣ་འཕྲལ་ཏུ་ཡུལ་དངོས་སུ་བསྐྱོད་དེ་ནུས་ཤུགས་ཆེན་པོས་མི་སྣ་མྱུར་སྐྱོབ་དང་རྨས་སྐྱོན་ཕོག་མཁན་སྨན་བཅོས་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།