འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྐྱ་འཕེལ་ནུས་བསྡུར། འཚོ་བའི་རྩལ་ནུས་འགྲན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 12:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།རང་རྐྱ་འཕེལ་ནུས་བསྡུར། འཚོ་བའི་རྩལ་ནུས་འགྲན།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་2ཉིན། ལོ་དགུའི་ལམ་ལུགས་ཀྱི་སི་ཁྲོན་ཞིང་ཆེན་ཧྭ་ཡིང་གྲོང་ཁྱེར་ཆིང་ཧོ་དམའ་རིམ་སློབ་འབྲིང་གིས་སློབ་མའི་འཚོ་བའི་རང་རྐྱ་འཕེལ་ནུས་འགྲན་བསྡུར་བྱས་པ་རེད། སློབ་གྲྭ་དེར་སློབ་སྦྱོང་བྱེད་བཞིན་པའི་སློབ་ཆུང་སློབ་མ་དང་། དམའ་རིམ་ལོ་རིམ་དང་པོ་དང་གཉིས་པའི་སློབ་མས་གྱོན་གོས་གྱོན་པ་དང་། སོ་འཁྲུ་བ། གྱོན་གོས་ལྟེབ་རྩེག་རྒྱག་པ། ཚལ་རྔོ་བ། ཅའོ་ཙེ་བཟོ་བ་སོགས་རྣམ་གྲངས་ཀྱི་འགྲན་བསྡུར་ལ་ཞུགས་པ་དང་། སློབ་གྲྭ་དེས་སློབ་མའི་འཚོ་བའི་རང་རྐྱ་འཕེལ་ནུས་མཐོ་རུ་གཏོང་རྒྱུ་དེ་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་ཞིག་ལ་བརྩིས་པ་དེའི་དམིགས་ཡུལ་ནི་ཕྲུ་གུ་ཚོར་འཚོ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་རྒྱུར་ཁྲིད་སྟོན་བྱ་ཆེད་ཡིན་ཞིང་། གོང་གི་པར་རིས་ནི་སློབ་མས་གྱོན་གོས་ལྟེབ་རྩེག་རྒྱག་པའི་འགྲན་བསྡུར་ནང་ཞུགས་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།