འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་རུ་ཐོག་མར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཡན་གྱི་ས་ཆ་རུ་སྡོང་ཕྲུག་
    འཛུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་02ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷ་ས་རུ་ཐོག་མར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཡན་གྱི་ས་ཆ་རུ་སྡོང་ཕྲུག་
འཛུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་27ཉིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་2018ལོའི་ལྗང་སྒྱུར་ལས་ཀའི་གནས་ཚུལ་ནང་དུ། ད་ལོར་ལྷ་ས་གྲོང་ཁྱེར་གྱིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཡན་གྱི་ས་ཁུལ་དུ་སྡོང་པོ་འཛུགས་མེད་པའི་སྟོངས་ཆ་བསྐངས་རྒྱུ་མ་ཟད། ད་དུང་ཐོག་མར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཡོད་པའི་ས་ཆ་རུ་སྡོང་ཕྲུག་འཛུགས་རྒྱུ་བཏོན་ཡོད་པ་རེད། 
        ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་བར་དུ། ལྷ་ས་གྲོང་ཁྱེར་དུ་ནགས་སའི་རྒྱ་ཁྱོན་ནི་མུའུ་ཁྲི་970.4ཡོད་པ་དང་། ནགས་ཚལ་གྱིས་19.49%ཟིན་ཡོད་ཅིང་། 2017ལོར། ལྷ་ས་གྲོང་ཁྱེར་ཁོར་ཡུག་མཁའ་དབུགས་སྤུས་ཚད་ལེགས་པའི་ཚད་གཞི་ནི་98.9%ཡིན་ཞིང་། ཀྲུང་གོའི་གྲོང་ཁྱེར་གཙོ་བོ་74ནང་དུ་ཨང་གཉིས་པ་ཡིན་པ་རེད། 
    ༄༅།།ལྷ་ས་རུ་ཐོག་མར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཡན་གྱི་ས་ཆ་རུ་སྡོང་ཕྲུག་
འཛུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།