འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཚངས་དབྱངས་རྒྱ་མཚོའི་ཕ་ཡུལ་དུ་སྟག་མ་མེ་ཏོག་རབ་ཏུ་བཞད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་25ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཚངས་དབྱངས་རྒྱ་མཚོའི་ཕ་ཡུལ་དུ་སྟག་མ་མེ་ཏོག་རབ་ཏུ་བཞད་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ལྷོ་རྒྱུད་དུ་གནས་པའི་མཚོ་སྣ་རྫོང་ནི། བོད་ལྗོངས་མོན་པ་མི་རིགས་ཀྱི་སྡོད་ས་གཙོ་བོའི་ཁུལ་གཅིག་ཡིན་པ་མ་ཟད། ད་དུང་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ཕ་ཡུལ་ཀྱང་ཡིན་པ་རེད། དེ་ལ"བོད་ལྗོངས་ཀྱི་ཆེས་མཛེས་སྡུག་ལྡན་པའི་རྫོང"ཞེས་འབོད་ཀྱིན་ཡོད་པ་རེད། དེ་ཡང་དམིགས་བསལ་གྱི་ཚ་ཁུལ་ཕལ་བའི་བཞའ་རློན་ནམ་ཟླའི་ཤུགས་རྐྱེན་གྱིས། ལེགས་པོ་རོང་ལ་ས་ཆ་གཞན་དང་མི་འདྲ་བའི་རང་བྱུང་མཛེས་ལྗོངས་ཆགས་ཡོད་པ་རེད། 
         ཉེ་ཆར། དུས་ཡུན་ཉིན་གསུམ་གྱི་རིང་ལ"མེ་ཏོག་དུས་ལ་ཡུལ་སྐོར་དུ་བསྐྱོད་པ"ཞེས་པའི་སྟག་མ་མེ་ཏོག་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ལྷོ་ཁ་གྲོང་ཁྱེར་དུ་འཚོགས་པ་རེད། ལྷོ་ཁའི་མཚོ་སྣ་རྫོང་ལེགས་པའི་གྲོང་རོང་ནི་ཧི་མ་ལ་ཡའི་ཤར་མཐའ་ནས་ལྷོ་ཕྱོགས་སུ་འཕྲད་དུ་རྒྱུག་པའི་གྲོང་རོང་ཆེན་པོ་ཞིག་ཡིན་པ་དང་། ཤེས་རྟོགས་བྱུང་གསལ་ལྟར་ན། བོད་ལྗོངས་ཀྱི་ཡུལ་སྐོར་ལས་གཉེར་ལས་ཁུངས་ཀྱི་འགན་འཁུར་བ་20ལྷག་ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་བྱེད་སྒོར་ཞུགས་ཡོད་པ་རེད། 
    ༄༅།།ཚངས་དབྱངས་རྒྱ་མཚོའི་ཕ་ཡུལ་དུ་སྟག་མ་མེ་ཏོག་རབ་ཏུ་བཞད་པ།
    ༄༅།།ཚངས་དབྱངས་རྒྱ་མཚོའི་ཕ་ཡུལ་དུ་སྟག་མ་མེ་ཏོག་རབ་ཏུ་བཞད་པ།
    ༄༅།།ཚངས་དབྱངས་རྒྱ་མཚོའི་ཕ་ཡུལ་དུ་སྟག་མ་མེ་ཏོག་རབ་ཏུ་བཞད་པ།
      

    ཕྱོགས་བསྡུས་གསར་འགྱུར།