འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས་མི་རིགས་མང་པོ་ཞིག་གི་དམངས་ཁྲོད་ཀྱི་གཞས་མ་གཏམ་མྱུར་སྐྱོབ་རང་བཞིན་གྱི་
    སྲུང་སྐྱོང་དང་ལེགས་སྒྲིག་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 12:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། 《ཀྲུང་གོའི་དམངས་ཁྲོད་རྩོམ་རིག་གི་རིག་ཚན་ཆེ་གྲས·གཞས་མ་གཏམ·ནང་སོག་བམ་པོ་》རྩོམ་སྒྲིག་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཤིང་། ནང་སོག་རང་སྐྱོང་ལྗོངས་ཀྱིས་རྒྱ་རིགས་དང་། སོག་པོ། ཨོ་ཝུན་ཁེ། ཨོ་ལུན་ཁྲུན། ཏ་ཝོར་སོགས་མི་རིགས་མང་པོའི་དམངས་ཁྲོད་ཀྱི་གཞས་མ་གཏམ་མྱུར་སྐྱོབ་རང་བཞིན་གྱི་ལེགས་སྒྲིག་བྱེད་འགོ་བཙུགས་པ་རེད།
         《ཀྲུང་གོའི་དམངས་ཁྲོད་རྩོམ་རིག་གི་རིག་ཚན་ཆེ་གྲས·གཞས་མ་གཏམ·ནང་སོག་བམ་པོ་》ནི་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་ལག་བསྟར་བྱས་པའི་《ཀྲུང་གོའི་དམངས་ཁྲོད་རྩོམ་རིག་གི་རིག་ཚན་ཆེ་གྲས་》པར་སྐྲུན་འདུ་འགོད“དམངས་ཁྲོད་ཀྱི་གཞས་མ་གཏམ”ཞེས་པའི་པར་སྐྲུན་འཆར་འགོད་བྱས་པའི་ཞིང་ཆེན་རིམ་པའི་དཔེ་སྟོན་བམ་པོ་ཁག་དང་པོ་དེ་རེད། ལས་དོན་དེས་སྒྲ་ཕབ་དང་བརྙན་ཕབ་བརྒྱུད་ནང་སོག་དམངས་ཁྲོད་ཀྱི་མི་རིགས་མང་པོའི་ཁྲོད་དུ་དར་ཁྱབ་བྱུང་བའི་གཞས་མ་གཏམ་བསྡུ་རུབ་དང་ལེགས་སྒྲིག་བྱ་རྒྱུ་དང་། རིག་མཛོད་ཆེ་གྲས་པར་སྐྲུན་བྱ་རྒྱུ་མ་ཟད། ད་དུང་གློག་རྡུལ་གྱི་ཚད་ལྡན་ཡིག་ཆའི་གྲངས་གཞིའི་མཛོད་ཀྱང་གསར་དུ་བསྐྲུན་རྒྱུ་རེད།
         མིག་སྔར་ནང་སོག་ལ་ཁྱད་ཆོས་མངོན་གསལ་དོད་པ་དང་རྣམ་པ་ཕུན་སུམ་ཚོགས་པའི་དམངས་ཁྲོད་ཀྱི་གཞས་མ་གཏམ་གཏོང་སྟངས་30ལྷག་ཙམ་ཡོད་པ་རེད།
         འོན་ཏེ་ལོ་རབས་ཧ་ཅང་སྔ་བའི་དམངས་ཁྲོད་སྒྱུ་རྩལ་དེ་དག་རྒྱུན་འཛིན་ཡག་པོ་མ་བྱུང་བས་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་དང་ལེགས་སྒྲིག་བྱ་རྒྱུ་དེ་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར་ཡོད། ལོ་ན་རྒས་པའི་དམངས་ཁྲོད་སྒྱུ་རྩལ་པ་ཁག་གཅིག་མི་ཡུལ་ནས་བྲལ་རྗེས་ཐོ་འགོད་གཏན་ནས་མ་བྱས་པའམ་ཡང་ན་རྒྱུན་འཛིན་མ་བྱུང་བའི་དམངས་ཁྲོད་ཀྱི་ངག་རྒྱུན་གྱི་གཞས་མ་གཏམ་མང་དག་ཅིག་གི་རྒྱུན་ཆད་པ་དཔེར་ན། ནང་སོག་གི་ལོ་རྒྱུས་མཚོན་པའི་སྙན་ངག་23གཞས་མ་གཏམ་གྱི་ཐོག་ནས་གཏོང་ཤེས་པའི་བགྲེས་སོང་པུའུ་རེན་ཁྲོ་པུ་ལཱ་ལོ་རྒྱུས་སྙན་ངག་4ལས་སྒྲ་འཇུག་བྱེད་ཁོམ་མ་བྱུང་བར་སྐུ་མྱ་ངན་ལ་འདས་པས་ལྷག་འཕྲོས་ཀྱི་ལོ་རྒྱུས་མཚོན་པའི་སྙན་ངག་19དེ་ཡང་དུས་དེ་ནས་བཟུང་ངག་རྒྱུན་ཆད་པ་སོགས་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 《ཀྲུང་གོའི་དམངས་ཁྲོད་རྩོམ་རིག་གི་རིག་ཚན་ཆེ་གྲས་》དཔེ་སྐྲུན་འདུ་འགོད་ཀྱིས་2025ལོར་སླེབས་སྐབས་དམངས་ཁྲོད་ཀྱི་གཞས་མ་གཏམ་དང་དམངས་ཁྲོད་ཀྱི་ཤོད་རྒྱུན་སོགས་སྣ་ཚོགས་པའི་རིག་མཛོད་ཆེ་གྲས་བམ་པོ་1000(བམ་པོ་རེར་ཡིག་འབྲུ་ཁྲི་100ཡོད་པ)དངོས་སུ་དཔེ་སྐྲུན་བྱེད་རྩིས་ཡོད་པ་མ་ཟད། ད་དུང“ངག་ཐོག་གི་རྩོམ་རིག་ཤུལ་བཞག་གི་གྲངས་གཞིའི་མཛོད”ཀྱང་བསྐྲུན་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།