འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རེས་སྐོར་གསར་པའི་མཉམ་སྡེབ་ནགས་ལས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་བྱེད་འགོ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 12:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རེས་སྐོར་གསར་པའི་མཉམ་སྡེབ་ནགས་ལས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་འགོ་འཛུགས་རྒྱུའི་གཏན་འཁེལ་བྱེད་པ་དང་མཉམ་སྡེབ་ནགས་ལས་འཕེལ་རྒྱས་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་མཉམ་སྡེབ་ནགས་སའི“དབང་གསུམ་ལོགས་འགོད”ཀྱི་གཉེར་སྐྱོང་ལམ་སྲོལ་སོགས་སྒྱུར་བཅོས་ཚོད་ལྟའི་ལས་འགན་ཆེན་པོ་བཅུ་གཏན་འཁེལ་བྱས་ཏེ། ལོ་3ཙམ་རིང་གཙོ་གནད་ས་ཁོངས་དང་འགག་རྩའི་ལྷུ་ཚིགས་སུ་ཚོད་ལྟ་འཚོལ་ཞིབ་དང་ལམ་ལུགས་གསར་གཏོད་བྱས་ནས་བསྐྱར་འཛུགས་ཆོག་པ་དང་ཁྱབ་གདལ་ཆོག་པའི་ཉམས་མྱོང་དང་བྱ་ཐབས་ཁག་གཅིག་གྲུབ་པའི་བརྩོན་ལེན་བྱ་རྒྱུ་རེད།
         མཉམ་སྡེབ་ནགས་དབང་གི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་མཉམ་སྡེབ་ནགས་ལས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ཐག་གཅོད་བྱ་ཆེད། རང་རྒྱལ་གྱིས་མཉམ་སྡེབ་ནགས་སའི“དབང་གསུམ་ལོགས་འགོད”ཀྱི་གཉེར་སྐྱོང་ལམ་སྲོལ་འཚོལ་ཞིབ་བྱས་ནས་ལག་བསྟར་བྱས་ཏེ་མཉམ་སྡེབ་ནགས་སའི་བདག་དབང་དང་ཞིང་དུད་ཀྱི་འགན་གཙང་དབང་ཆ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནགས་སའི་གཉེར་སྐྱོང་དབང་ཆར་འདྲ་མཉམ་སྲུང་སྐྱོང་གིས་ནགས་སའི་གཉེར་སྐྱོང་དབང་ཆར་བརྟེན་ནས་དངུལ་རྩའི་སྒྲིག་གཞིར་མ་དངུལ་མཉམ་བསྡུའི་ཁག་ཐེག་བྱེད་པ་དང་མ་རྐང་ནང་ཞུགས་ནས་ནགས་ལས་ཐོན་ལས་ཅན་གྱི་ཐོག་ནས་གཉེར་སྐྱོང་བྱེད་པའི་འབྲེལ་ཡོད་ལམ་སྲོལ་ཁྲིམས་བཞིན་འཛུགས་རྒྱུ་རེད།
         མཉམ་སྡེབ་ནགས་སའི“དབང་གསུམ་ལོགས་འགོད”ཀྱི་གཉེར་སྐྱོང་ལམ་སྲོལ་འཛུགས་པ་ཕུད། ནགས་དབང་བརྒྱུད་བཤུག་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ནགས་དབང་གི་གཏའ་འཇོག་དངུལ་བུན་གཏོང་བ་དང་། དེ་བཞིན་ནགས་དབང་བསྡུ་ཉར་ཁག་ཐེག་གི་མ་དངུལ་མཉམ་བསྡུའི་བྱ་ཐབས་གསར་གཏོད་བྱེད་པ། མཉམ་སྡེབ་ནགས་དབང་གི་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ནགས་ལས་ཀྱི་གཉེར་སྐྱོང་བྱེད་སྟངས་གསར་པ་སྐྱེད་སྲིང་བྱེད་པ། ནགས་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ནགས་ཚལ་གྱི་གཉེར་སྐྱོང་དོ་དམ་ལམ་ལུགས་གསར་གཏོད་བྱེད་པ། ཞིང་དུད་ཆུང་ངུ་དང་དེང་རབས་ཀྱི་ནགས་ལས་འཕེལ་རྒྱས་གཏོང་བའི་ནུས་ལྡན་གྱི་སྦྲེལ་མཐུད་ལམ་སྲོལ་གསར་གཏོད་བྱེད་པ། མཉམ་སྡེབ་ནགས་དབང་གི་རྐང་དབང་ཅན་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་མ་རྩ་ནགས་ལས་བྱེད་སྟངས་སྒྱུར་བཅོས་ཁྲོད་གཏོང་བ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་མཉམ་སྡེབ་ནགས་ལས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱེད་པ་སོགས་ཐད་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།