འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རི་འཛེགས་དུས་འཆར་ཞིང་། ཇོ་མོ་གླང་མའི་བྱང་རྒྱུད་དུ་གད་སྙིགས་ཕྱག་བཞིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་24ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རི་འཛེགས་དུས་འཆར་ཞིང་། ཇོ་མོ་གླང་མའི་བྱང་རྒྱུད་དུ་གད་སྙིགས་ཕྱག་བཞིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་28ཉིན། 2018ལོའི་ཧི་མ་ལ་ཡའི་རི་ཁུལ་དུ་དཔྱིད་དུས་ཀྱི་རི་འཛེགས་འགོ་ཚུགས་པ་རེད། མིག་སྔར། ཀྲུང་གོའི་བོད་ལྗོངས་ཕྱོགས་ཀྱི་རི་བོ་ཇོ་བོ་གླང་མའི་བྱང་རྒྱུད་སོགས་ཀྱི་རི་བོར་གད་སྙིགས་ཕྱག་པའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། མ་འོངས་པར། འབྲེལ་ཡོད་སྡེ་ཁག་གིས་ཁོར་ཡུག་སྲུང་སྐྱོང་མང་པོ་ལག་ལེན་བསྟར་ནས། རི་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་རྒྱུན་སྲུང་བྱ་རྒྱུ་ཡིན་པ་རེད།
         རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200ཡོད་པའི་ཇོ་མོ་གླང་མའི་བྱང་རྒྱུད་ཀྱི་སྒར་ས་ཆེན་མོ་རུ། བོད་རང་སྐྱོང་ལྗོངས་རི་འཛེགས་དོ་དམ་ལྟེ་གནས་ཀྱི་འགན་འཁུར་བ་བསོད་ནམས་ཀྱིས་གསར་འགོད་པ་ལ་ངོ་སྤྲོད་བྱས་དོན། ལུས་རྩལ་སྡེ་ཁག་དང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྲིད་གཞུང་གིས་ལོ་རེར་གད་ཕྱག་བྱེད་པའི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ད་ལོར། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5800བརྒལ་བའི་སྒར་སའི་ཁུལ་མན་དུ་བོད་ལྗོངས་རི་འཛེགས་མཐུན་ཚོགས་ཀྱི་མཐུན་སྦྱོར་བྱ་རྒྱུ་དང་། དེའི་ཡན་ས་བབས་མཐོ་བའི་ཁུལ་ནི་ཚོང་ལས་རི་འཛེགས་ཞབས་ཞུའི་ལས་ཁུངས་བོད་ལྗོངས་ཡ་ལྷ་ཤམ་པོ་ཉེན་བརྟག་མྱུལ་དཔྱད་ཀུང་སིའི་འགན་ཁུར་ཡོད་པ་སྟེ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6500ཡན་གྱི་སྒར་ས་དང་དེའི་མན་གྱི་གད་སྙིགས་སྡུད་རུབ་དང་། སྨི་6500ཡན་དུ་གཙོ་བོ་རི་འཛེགས་ཡོ་ཆས་ཀྱི་གད་སྙིད་དག་སྡུད་རུབ་བྱ་རྒྱུ་ཡིན་པ་རེད།
    ༄༅།།རི་འཛེགས་དུས་འཆར་ཞིང་། ཇོ་མོ་གླང་མའི་བྱང་རྒྱུད་དུ་གད་སྙིགས་ཕྱག་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།