འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་བས་གྱོན་ཆས་བཟོ་གྲྭ་བཙུགས་ནས"རུ་ཝང་ཏར"རོགས་རམ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཀྲུང་གོ་བས་གྱོན་ཆས་བཟོ་གྲྭ་བཙུགས་ནས'རུ་ཝང་ཏར'རོགས་རམ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བས་2015ལོར་བཙུགས་པའི་C&Hགྱོན་ཆས་བཟོ་གྲྭར་མིག་སྔར་བཟོ་པ་1200ཡོད་པ་ཚང་མ་རུ་ཝང་ཏ་བ་ཡིན། བཟོ་གྲྭས་ཐོན་སྐྱེད་བྱས་པའི་གྱོན་ཆས་20%རུ་ཝང་ཏར་འཚོང་གི་ཡོད་པ་དང་80%ཡོ་རོབ་དང་ཨ་མེ་རི་ཁ་གླིང་གི་རྒྱལ་ཁབ་ཏུ་འཚོང་གི་ཡོད། རུ་ཝང་ཏ་སྲིད་གཞུང་གིས་དེང་སྐབས“རུ་ཝང་ཏའི་ལན་པར”ཞེས་པའི་འཆར་གཞི་སྤེལ་བཞིན་ཡོད་པ་དེའི་དམིགས་ཡུལ་ནི་རུ་ཝང་ཏའི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་འབོར་དང་སྤུས་ཚད་མཐོ་རུ་བཏང་ནས་རྒྱལ་ཁབ་དེ་རང་གི་ཐོན་རྫས་ཀྱིས་ནང་འདྲེན་ཐོན་རྫས་ཀྱི་ཚབ་བྱེད་པ་དང་འབྲེལ་ཕྱིར་གཏོང་བྱེད་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན། ས་གནས་འདི་གའི་མི་སྣས་C&Hགྱོན་ཆས་བཟོ་གྲྭས་རུ་ཝང་ཏའི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བའི་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། གོང་གི་པར་རིས་ནི་ཟླ་4ཚེས་30ཉིན་རུ་ཝང་ཏའི་རྒྱལ་ས་ཁི་ཀ་ལིར་བཟོ་པ་ཚོས་C&Hགྱོན་ཆས་བཟོ་གྲྭའི་ནང་གྱོན་ཆས་བཟོ་བའི་གནས་ཚུལ་ཡིན་པ་རེད།
    ༄༅།།ཀྲུང་གོ་བས་གྱོན་ཆས་བཟོ་གྲྭ་བཙུགས་ནས'རུ་ཝང་ཏར'རོགས་རམ་བྱས་པ།
    ༄༅།།ཀྲུང་གོ་བས་གྱོན་ཆས་བཟོ་གྲྭ་བཙུགས་ནས'རུ་ཝང་ཏར'རོགས་རམ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།