འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་བཞི་པའི་ཀྲུང་གོའི་རྒྱལ་སྤྱིའི་ཀོ་ཕིག་དུས་ཆེན་ལ་མི་ཐེངས་ཁྲི་143.35ཞུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན་ནས་ཟླ་5ཚེས་1ཉིན་བར། སྐབས་བཅུ་བཞི་པའི་ཀྲུང་གོའི་རྒྱལ་སྤྱིའི་ཀོ་ཕིག་དུས་ཆེན་ལ་མི་ཐེངས་ཁྲི་143.35ཞུགས་རྒྱུའི་ཡིད་དབང་བཀུག་པ་དེའི་ཁྲོད། པད་མ་མཚེའུ་ཡི་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ཀྱི་ཚོགས་ར་གཙོ་བོར་ཉིན་གཅིག་ལ་ལྟད་མོ་བ་མི་ཐེངས་ཁྲི་11.1ཟིན་ནས་སྐབས་རིམ་བྱུང་གི་ཀོ་ཕིག་དུས་ཆེན་གྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
         ད་ཐེངས་ཀྱི་ཀོ་ཕིག་དུས་ཆེན་དེར་རྒྱལ་ཁབ་དང་ས་ཁུལ་85ཡི་ཁེ་ལས་དང་སྒྲིག་གཞི་2641དང་། ཚོང་པ་དང་ཆེད་ལས་ལྟད་མོ་བ་5760ཞུགས་ཡོད་པ་རེད། དངོས་སུ་ཚོང་འགྲིག་པ་དང་དེ་བཞིན་གན་འཇོག་ཉོ་ཚོང་དང་མཉམ་ལས་འདུན་པ་ཡོད་པའི་རྣམ་གྲངས་1291གི་གན་རྒྱ་བཞག་པར་དངུལ་སྒོར་དུང་ཕྱུར་138.35ཟིན་པ་དང་ཀོ་ཕིག་དུས་ཆེན་རིང་འཛད་སྤྱོད་དངུལ་སྒོར་དུང་ཕྱུར་28.86ཟིན་པས་ཁྱོན་བསྡོམས་སྒོར་དུང་ཕྱུར་163.21ཟིན་ཡོད། སྐབས་འདིའི་ཀོ་ཕིག་དུས་ཆེན་གྱི་འགྲེམས་སྟོན་གྱི་གཞི་ཁྱོན་དང་། ཞུགས་པའི་མི་གྲངས། ཉོ་ཚོང་དངུལ་འབོར། འགྲེམས་སྟོན་གྱི་ཕན་ནུས་སོགས་ཀྱི་སྟོན་རྟགས་ཁག་ཚང་མ་སྐབས་རིམ་བྱུང་གི་མཐོ་ཤོས་སུ་སླེབས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།