འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ལུས་རྩལ་འགྲན་བསྡུར།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་02ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ལུས་རྩལ་འགྲན་བསྡུར།
         མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས། ལྷ་ས་གྲོང་ཁྱེར་མི་རིགས་ཆོས་ལུགས་དོན་གཅོད་ཅུས་ཀྱིས་རོགས་གཉེར་བྱས་པའི"ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ལུས་རྩལ་འགྲན་བསྡུར་ཏེ་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར"ཟླ་4ཚེས་28ཉིན་ནས་ཟླ་5ཚེས་14ཉིན་བར་དུ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་སྤེལ་རྒྱུ་ཡིན་པ་དང་། ཐེངས་འདིར་ལ་མཆོང་རྒྱུག་འཕེན་གསུམ་དང་ལག་རྩེད་སྤོ་ལོ རྐང་རྩེད་སྤོ་ལོ། ཕིང་ཕང་སྤོ་ལོ། བྱ་སྒྲོའི་སྤོ་ལོ། ཆུ་རྐྱལ། རྐང་འཁོར་བཞོན་པ་སོགས་འགྲན་བསྡུར་རྣམ་གྲངས་ཆེ་བ་8དང་རྣམ་གྲངས་ཆུང་བ་54ཡོད་ཅིང་། གཞན་ཡང་། མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ལ་རྡོ་ཁུར་བ། འུར་རྡོ་འཕེན་པ་སོགས་རྣམ་གྲངས་ཆེ་བ་7དང་རྣམ་གྲངས་ཆུང་བ་10ཡོད་པ་རེད། 
    ༄༅།།ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ལུས་རྩལ་འགྲན་བསྡུར།
      

    ཕྱོགས་བསྡུས་གསར་འགྱུར།