འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དེ་ཀྲུང་གོ་
    དང་ལ་ཏིང་མེ་གླིང་གི་ཚོང་དོན་འབྲེལ་ཐག་ཅིག་ཏུ་འགྱུར་རེ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 12:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་གིས་ཟླ་11པར་ཧྲང་ཧའེ་རུ་འཚོག་རྒྱུའི་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་རེ་སྒུག་ཆེན་པོ་བྱེད་པ་དང་། དེ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཚོང་དོན་འབྲེལ་མཐུད་བྱེད་པའི་འབྲེལ་ཐག་ཅིག་ཏུ་འགྱུར་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་པ་རེད།
         ཉིན་ཤས་གོང་ཨ་ཀེན་ཐིན་གྱི་ཞིང་ལས་ཐོན་ལས་པུའུ་ཀྲང་ཨའེ་ཆེ་ཝེ་ལེ་ཡིས་ཨ་ཀེན་ཐིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཨ་ཀེན་ཐིན་གྱི་མ་འཇོག་ཚོང་དོན་སྐུལ་སྤེལ་ཅུས་ཀྱིས་གཙོ་གཉེར་བྱས་པའི་བྱེད་སྒོ་ཞིག་གི་ཐོག་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དེ་ཨ་ཀེན་ཐིན་གྱི་ངོས་ནས་བརྗོད་ན་གོ་སྐབས་གལ་ཆེན་ཞིག་རེད། ཨ་ཀེན་ཐིན་སྲིད་གཞུང་གིས་དངོས་སུ་དངོས་མང་སྟོན་ཚོགས་ནང་ཞུགས་རྒྱུའི་གཏན་འཁེལ་བྱས་པ་དང་། ཀྲུང་གོ་དང་ཨ་ཀེན་ཐིན་གྱིས་གོ་སྐབས་དེ་དང་བསྟུན་ནས་མུ་མཐུད་ཕྱོགས་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།
         ཀྲུང་གོའི་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོར་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་2600ཙམ་ཟིན་ནས་འཕར་ཚད་མྱུར་པོ་བྱུང་ཡོད། ཀྲུང་གོ་ནི་ལ་ཏིང་མེ་གླིང་ས་ཁུལ་གྱི་སྤོམ་ཆེའི་ཚོང་ཟོག་ཕྱིར་གཏོང་ཁྲོམ་ར་གལ་ཆེན་ཞིག་ཡིན་ལ། ལ་ཏིང་མེ་གླིང་གི་ཞིང་ཞོར་ཐོན་ཟོག་དང་བཟོ་ལས་ཐོན་རྫས་ཀྱང་དེ་བས་མང་བ་ནང་འདྲེན་བྱེད་ཀྱི་ཡོད་པས་ཕྱོགས་གཉིས་པོའི་ཚོང་དོན་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ལ་ཏིང་མེ་གླིང་དང་ཅ་ལེ་པི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། 2000ལོ་ནས་2017ལོ་བར་ལ་ཏིང་མེ་གླིང་ས་ཁུལ་གྱིས་ཀྲུང་གོར་ཕྱིར་གཏོང་བྱས་པའི་བསྡོམས་འབོར་གྱིས་ས་ཁུལ་དེའི་ཕྱིར་གཏོང་བསྡོམས་འབོར་གྱི་1%ནས་10%བར་འཕར་ནས་ཀྲུང་གོ་འདི་ཉིད་ས་ཁུལ་དེའི་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་གསུམ་པ་དེར་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།