འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀེ་རི་སེའི་དཔོན་རིགས་ཀྱིས"རྒྱུད་གཅིག་ལམ་གཅིག"ལས་ཀེ་རི་སེར་གོ་སྐབས་བྱུང་ཡོད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 12:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀེ་རི་སེའི་དཔལ་འབྱོར་དང་འཕེལ་རྒྱས་པུའི་པུའུ་ཀྲང་གཞོན་པ་པི་ཆི་ཨའོ་ལ་སིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་ཀེ་རི་སེར་རེ་བ་དང་གོ་སྐབས་བྱུང་ཡོད་ཅེས་བརྗོད་པ་རེད།
         པི་ཆི་ཨའོ་ལ་སིས་ཀྲུང་གོ་དང་ཀེ་རི་སེ་རྒྱལ་ཁབ་གཉིས་ཀྱིས་པི་ལེ་ཨའེ་ཕུ་སི་གྲུ་ཁའི་རྣམ་གྲངས་ཐད་ཀྱི་མཉམ་ལས་དེ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གཉིས་ཕན་མཉམ་ལས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ལ་གྱུར་ཡོད་ཅེས་བརྗོད་པ་རེད།
         ན་ནིང་ཟླ་5པར་པེ་ཅིང་དུ་འཚོགས་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཐོག་ཀྲུང་གོ་དང་ཀེ་རི་སེ་རྒྱལ་ཁབ་གཉིས་པོས་《ཀྲུང་ཀེའི་གཙོ་གནད་ཁྱབ་ཁོངས་ཀྱི་2017ལོ་—2019ལོ་བར་གྱི་མཉམ་ལས་འཆར་འགོད་》ལ་མིང་རྟགས་བཀོད་ཡོད། པི་ཆི་ཨའོ་ལ་སིས་ཉེ་བའི་ལོ་གཅིག་རིང་། ཀྲུང་གོ་དང་ཀེ་རི་སེའི་ལོ་གསུམ་གྱི་མཉམ་ལས་འཆར་འགོད་ནང་གི་འགྲིམ་འགྲུལ་དང་ནུས་རྒྱུའི་ཁྱབ་ཁོངས་སུ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། མིག་སྔར། རྒྱལ་ཁབ་གཉིས་པོས་ད་དུང་ཕྱོགས་གཉིས་པོའི་ཚོང་དོན་དང་ཡུལ་སྐོར་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་རྒྱུའི་ཐད་ལ་གྲོས་བསྡུར་བྱས་ཡོད་ཅེས་གསུངས།
         པི་ཆི་ཨའོ་ལ་སིས་ཀྲུང་གོ་དང་ཡོ་རོབ་དབར་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་རྒྱ་ཧ་ཅང་ཆེན་པོ་ཡོད། ཀེ་རི་སེས་ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ནུས་པ་ཧུར་ཐག་བཏོན་ཡོད་ཅེས་བརྗོད།
         འདི་ལོའི་ཟླ་11པར་འཚོག་རྒྱུའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོའི་སྐོར་གླེང་སྐབས། ཁོང་གིས་དངོས་མང་སྟོན་ཚོགས་དེས་ཀྲུང་གོ་དང་ཀེ་རི་སེ་དང་། ཀྲུང་གོ་དང་ཡོ་རོབ་དབར་དེ་བས་ཁྱབ་རྒྱ་ཆེ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། ཀེ་རིས་སེའི་ཀུང་སི་མང་པོ་ཞིག་གི་མཐོ་རིམ་དོ་དམ་པ་དེའི་ནང་ཧུར་ཐག་ཞུགས་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་གསུངས། 
      

    ཕྱོགས་བསྡུས་གསར་འགྱུར།