འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་མང་པོ་ཞིག་གིས"ལྔ་གཅིག"རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སྐབས་རྒྱལ་ཁབ་མང་པོ་ཞིག་གི་དམངས་ཚོགས་ཀྱིས་འདུ་འཛོམས་བྱེད་པ་དང་། ཁྲོམ་སྐོར་བྱེད་པ། བྱེད་སྒོ་སྣ་ཚོགས་སྤེལ་བ་བཅས་ཀྱི་ཐོག་ནས་ངལ་རྩོལ་པའི་དུས་ཆེན་ལ་རྟེན་འབྲེལ་དང་དྲན་གསོ་ཞུས་པ་རེད།
          ཚེས་1ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་གྲོང་ཁྱེར་ལྟེ་གནས་སུ་མི་ཁྲི་13ཙམ་གྱིས“མཐུན་སྒྲིལ་དང་། གཅིག་གྱུར། ངལ་རྩོལ་བཅས་ནི་འཕེལ་རྒྱས་བདེ་བླག་ཐུབ་པའི་འགན་ལེན་ཞིག་རེད”ཅེས་འབོད་ཚིག་ཏུ་བྱས་པའི་ཁྲོམ་སྐོར་ཆེ་མོ་བྱས་པ་དང་། གྲོང་ཁྱེར་མོ་སི་ཁོའི་ཧྲི་ཀྲང་སུའོ་པི་ཡ་ཉིང་ཁྲོམ་སྐོར་ལ་ཞུགས་པ་མ་ཟད། མོ་སི་ཁོའི་དམངས་ཚོགས་ཀྱི་འཚོ་བའི་སྤུས་ཚད་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་རྒྱུའི་ཁས་ལེན་ཡང་གནང་བ་རེད།
         ཚེས་1ཉིན་དབྱི་ཐ་ལིའི་གྲོང་ཁྱེར་རོ་མ་དང་། ནཱ་པུའུ་ལེ་སི། སྨི་ལན། ཧྥེ་སི་ཁ་ལ། ཐ་ལན་ཐུའོ་སོགས་ཀྱིས་སྲོལ་རྒྱུན་གྱི་ཕྱི་རོལ་རོལ་དབྱངས་འདུ་ཚོགས་འཚོགས་ནས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་། མི་ཁྲི་1.5ཙམ་གྲོང་ཁྱེར་རོ་མའི་ལྟེ་གནས་ཀྱི་ཧྲེན་ཆའོ་ཝ་ཉི་ཐང་ཆེན་དུ་འདུ་འཛོམས་བྱས་ཏེ་རོལ་དབྱངས་འདུ་ཚོགས་ལ་ཞུགས་པ་དང་། ལོ་ལྟར་གྱི“ལྔ་གཅིག”གི་སྲོལ་རྒྱུན་ཕྱི་རོལ་རོལ་དབྱངས་འདུ་ཚོགས་དེ་ནི་1990ལོ་ནས་འགོ་བཙུགས་པ་དང་དེ་ནི་བཟོ་ཚོགས་ཀྱིས་སྒྲིག་འཛུགས་བྱས་ནས་གཙོ་གཉེར་བྱེད་ཀྱི་ཡོད།
         ཚེས་1ཉིན་གྱི་སྔ་དྲོ་ཁུ་པ་བ་ཆིག་ཁྲི་ལྷག་ཙམ་རྒྱལ་ས་ཧ་ཝ་ནའི་གསར་བརྗེའི་ཐང་ཆེན་དུ་འཛོམས་ནས་ལོ་གཅིག་དུས་གཅིག་གི“ལྔ་གཅིག”གི་གཅིག་སྡུད་ཁྲོམ་སྐོར་གཟབ་རྒྱས་ལ་ཞུགས་པ་རེད། ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ་ལའོ་འར·ཁཱ་སི་ཐེ་ལུའོ་དང་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏི་ཡ་སི—ཁཱ་ནེར་འདུ་འཛོམས་ལ་ཞུགས་ཡོད་པ་རེད།
         ཚེས་1ཉིན་རི་པིན་གྱི་རྒྱལ་ཡོངས་སུ་མི་ཁྲི་15ལྷག་ཙམ་ས་གནས་ཁག་གི་བཟོ་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་འདུ་འཛོམས་ལ་ཞུགས་ནས་མ་མཐའི་གླ་ཕོགས་མཐོ་རུ་བཏང་སྟེ་ངལ་རྩོལ་པའི་གཞི་རྩའི་ཁེ་དབང་སྲུང་སྐྱོང་བྱེད་རྒྱུའི་རེ་བ་བཏོན་པ་རེད།
         ཚེས་1ཉིན་གྱི་སྔ་དྲོ། ཐེ་ལན་གྱི་བཟོ་ཚོགས་དང་དེ་བཞིན་འབྲེལ་ཡོད་རྩ་འཛུགས་50ཡི་ངལ་རྩོལ་བཟོ་པའི་འཐུས་མི་5000ལྷག་ཙམ་གྱིས་གྲོང་ཁྱེར་པང་ཁོག་གི་ལྟེ་གནས་སུ་གནས་པའི་དམངས་གཙོའི་དྲན་གསོའི་རྡོ་རིང་གི་ཉེ་འགྲམ་དུ་འདུ་འཛོམས་བྱས་ནས་སོ་སོའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་། ཆབས་ཅིག་སྲིད་གཞུང་ལ་རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་རྩ་འཛུགས་ཀྱི་སྤྱི་ཆིངས་ཁག་ལག་བསྟར་བྱས་ནས་བཟོ་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།
         ཚེས་1ཉིན་གྱི་སྔ་དྲོ། ཙན་པི་ཡའི་རྒྱལ་ས་ལུ་ས་ཁར་མཛད་སྒོ་གཟབ་རྒྱས་ཤིག་གཉེར་ནས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། ཙན་པི་ཡ་སྲིད་གཞུང་སྡེ་ཚན་དང་། སྒྲིག་གཞི། དེ་བཞིན་གཞུང་དང་སྒེར་གྱི་ཁེ་ལས་སོགས་ཀྱི་མི་ཆིག་སྟོང་ལྷག་ཙམ་ལས་གྲུབ་པའི་རུ་སྟར་གྲུ་བཞི་དང་མཛེས་འཆོས་རླངས་འཁོར་ཁྲོམ་སྐོར་བྱེད་སྒོར་ཞུགས་པ་དང་། ཙན་པི་ཡའི་ཙུང་ཐུང་ཨའེ་ཏེ་ཅ·ལུན་ཀུ་བྱེད་སྒོར་ཞུགས་པ་དང་འབྲེལ་བྱ་དགའ་ཐོབ་མཁན་ཚོར་ངལ་རྩོལ་དུས་ཆེན་གྱི་གཟེངས་བསྟོད་ལག་ཁྱེར་གནང་བ་རེད།
         ཟླ་4ཚེས་29ཉིན་ཨེ་ཅིབ་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱེད་སྒོ་སྤེལ་ནས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་བྱེད་སྒོར་ཞུགས་ནས་ཨེ་ཅིབ་རྒྱལ་ཡོངས་ཀྱི་ངལ་རྩོལ་པར་རྟེན་འབྲེལ་ཞུས་པ་མ་ཟད། བྱེད་སྒོའི་ཁྲོད་ཨེ་ཅིབ་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་10ལ་གཟེངས་བསྟོད་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།