འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཀྲུང་གོ་དང་ཏོ་སྨི་ནི་ཁའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནི་བསླུ་བྲིད་
    བཙན་ཤེད་དང་ཉོ་ཚོང་གི་འབྲེལ་བ་གང་ཡང་མེད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 12:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་2ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོ་དང་ཏོ་སྨི་ནི་ཁའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནི་འོས་ཤིང་འཚམ་་པ་ཞིག་དང་། བདེན་དོན་སྙོན་མེད། ཁ་གསལ་གཞུང་དྲང་བཅས་ཡིན་པས་བསླུ་བྲིད་བཙན་ཤེད་དང་ཉོ་ཚོང་གི་འབྲེལ་བ་གང་ཡང་མེད་ཅེས་བརྗོད་པ་རེད།
         ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཐའེ་དབན་ཕྱོགས་ཀྱིས་སྐམ་ས་ཆེ་མོས་མ་དངུལ་འབོར་ཆེན་བཏང་ནས་ཏོ་སྨི་ནི་ཁ་ཐའེ་དབན་དང“ཕྱི་འབྲེལ་མཚམས་འཇོག”བྱ་རྒྱུའི་བསླུ་བྲིད་བཙན་ཤེད་བྱས་པ་རེད་ཅེས་བཤད་པར་མགྲིན་ཚབ་པས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་དྲིས་པར། 
         ཧྭ་ཁྲུན་ཡིང་གིས་འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་གྱི་སྲིད་གཞུང་འབའ་ཞིག་དེ་ཡིན། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ནས་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། ཏོ་སྨི་ནི་ཁས་ཐའེ་དབན་དང“ཕྱི་འབྲེལ་མཚམས་འཇོག”བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕྱི་འབྲེལ་བཙུགས་པ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་དང་རྦད་དེ་མཐུན་ཡོད་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་དང་ཡང་མཐུན་ཡོད། དེ་ནི་འོས་ཤིང་འཚམ་པ་ཞིག་དང་། བདེན་དོན་སྙོན་མེད། ཁ་གསལ་གཞུང་དྲང་བཅས་ཡིན་པས་བསླུ་བྲིད་བཙན་ཤེད་དང་ཉོ་ཚོང་གི་འབྲེལ་བ་གང་ཡང་མེད་ཅེས་བརྗོད་པ་རེད།
         “ཀྲུང་གོ་དང་ཏོ་སྨི་ནི་ཁའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་སྔོན་འགྲོའི་ཆ་རྐྱེན་གཅིག་ལས་མེད་པ་ནི་ཏོ་སྨི་ནི་ཁ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ཁས་ལེན་དང་བརྩི་སྲུང་ནན་པོ་ཞུ་དགོས་པ་དེ་ཡིན། ཀྲུང་གོ་དང་ཏོ་སྨི་ནི་ཁའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་མཉམ་འབྲེལ་སྤྱི་བསྒྲགས་དང་ཏོ་སྨི་ནི་ཁ་ཕྱོགས་ཀྱི་ཡོངས་བསྒྲགས་རྣམ་འགྱུར་སྟོན་པའི་གཏམ་བཤད་ནང་ཏོ་སྨི་ནི་ཁ་སྲིད་གཞུང་གིས་ལངས་ཕྱོགས་དེ་གསལ་བསྒྲགས་བྱས་པ་དང་ཀྲུང་གོ་དང་ཏོ་སྨི་ནི་ཁའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་དེ་ཆ་རྐྱེན་འཛོམས་ན་གྲུབ་འབྲས་ཐོན་ཞེས་པ་ལྟར་བྱུང་ཡོད། ཀྲུང་གོ་དང་ཏོ་སྨི་ནི་ཁའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་དེས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་ལ་མདུན་ལམ་བཟང་པོ་ཞིག་གཏོད་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད། ཀྲུང་གོ་དང་ཏོ་སྨི་ནི་ཁའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་དེས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཞིག་དང་མི་རྣམས་ཀྱི་བློ་ཁ་ཕྱོགས་ས་དང་དུས་ཀྱི་འཕེལ་ཕྱོགས་ཤིག་རེད”ཅེས་ཧྭ་ཁྲུན་ཡིང་གིས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།