འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་སྡེ་ཁུལ་འཛུགས་སྐྲུན་གྱི་པུའུ་དབར་མཉམ་བཞུགས་ཚོགས་འདུའི་ཚང་འཛོམས་
    ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་04ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་ཀྱི་སྡེ་ཁུལ་འཛུགས་སྐྲུན་གྱི་པུའུ་དབར་མཉམ་བཞུགས་ཚོགས་འདུའི་ཚང་འཛོམས་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་གི་ཞན་ཆ་གསབ་སྟེ་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་སྔོན་ལ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་མཉམ་བསྲེས་འཕེལ་རྒྱས་གཏོང་བ། གྲོང་གསེབ་བཅོས་སྐྱོང་མཉམ་འགུལ་འཕེལ་རྒྱས་གཏོང་བ་བཅས་མཐའ་འཁྱོངས་བྱེད་པ་དང་། སྟོབས་ཤུགས་བཀོད་སྒྲིག་དང་། མ་དངུལ་གཏོང་བ། ཞབས་ཞུ་མཁོ་འདོན་བཅས་གྲོང་གསེབ་དང་གཞི་རིམ་ལ་གཟིགས་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྣེ་ཁྲིད་བྱེད་པ་དང་། གྲོང་གསེབ་ཀྱིས་གྲོང་ཁྱེར་ལ་སྐུལ་འདེད་གཏོང་བ། ལེགས་ཆ་གསབ་རེས། མཉམ་བསྲེས་འཕེལ་རྒྱས་བཅས་ཀྱི་རྣམ་པ་ཡག་པོ་ཞིག་ཆགས་པར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་གི་ལས་འགན་གལ་ཆེན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཏང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་ཏང་ཀྲུང་དབྱང་གིས་ཁ་ཕྱོགས་གཏན་འཁེལ་དང་རིམ་ཁག་ཏང་ཨུད་ཀྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་སུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་དགོས། མང་ཚོགས་སྒྲིག་འཛུགས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་བཏང་སྟེ་གྲོང་མིའི་ཁེ་དབང་སྲུང་སྐྱོང་དང་། གྲོང་མིའི་ཕན་བདེ་ཆེ་རུ་གཏོང་བ། གྲོང་མིའི་འཚོ་བ་ལེགས་སུ་གཏོང་བ་བཅས་ལ་ཤུགས་སྣོན་ཧུར་ཐག་རྒྱག་དགོས། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་བཅོས་སྐྱོང་བཀོད་པ་འཐུས་སྒོ་ཚང་དུ་བཏང་སྟེ་རིགས་ཁག་གི་བྱེད་པོས་མཉམ་སྐྲུན་བྱེད་རིང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། མཉམ་བཅོས་བྱེད་རིང་ངོས་འཛིན་གཅིག་མཐུན་བྱེད་པ། མཉམ་སྤྱོད་བྱེད་རིང་་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་དང་སྒྱུར་བཅོས་ལག་ལེན་ཟབ་ཏུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་རང་ངོས་འཐུས་ཚང་དང་འཕེལ་རྒྱས་འགྲོ་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས།
      

    ཕྱོགས་བསྡུས་གསར་འགྱུར།