འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་ཁུལ་གྲོང་ཚོར་ཁ་བའི་ཁྲོད་ཆོས་སྐོར་བྱས་ཏེ་ལོ་གསར་པར་ལོ་ཆུ་
    ལམ་ལྷོང་ཡོང་བའི་གཡང་གསོལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་23ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་ཁུལ་གྲོང་ཚོར་ཁ་བའི་ཁྲོད་ཆོས་སྐོར་བྱས་ཏེ་ལོ་གསར་པར་ལོ་ཆུ་
ལམ་ལྷོང་ཡོང་བའི་གཡང་གསོལ་ཞུས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་18ཉིན་ནི་ལུགས་རྙིང་གི་ཟླ་བ་དང་པོའི་ཚེས་3ཉིན་ཡིན་ཞིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་ཁུལ་མཚོ་སྟེང་གྲོང་ཚོར་ལོ་རེར་ཆོས་སྐོར་ཐེངས་རེ་བྱེད་པའི་དུས་ཆེན་ཤར་བ་རེད། གྲོང་ཚོ་ཡོངས་ཀྱི་ཕོ་མོ་རྒན་གཞོན་ཚང་མ་གྲོང་ཚོའི་དགོན་པར་ཕྱིན་ཏེ་དགེ་འདུན་གྱིས་བརྒྱུད་སྤྲོད་གནང་བའི་དཔེ་ཆ་པོ་ཏི་རེ་ཕྲག་པར་ཁུར་ཏེ་གྲལ་རིང་པོ་བསྒྲིགས་ནས་གྲོང་ཚོར་བསྐོར་ཞིང་། ངག་ནས་མཉམ་དུ་མ་ཎིའི་ཡིག་དྲུག་བཏོན་ནས་ལོ་གསར་པར་ལོ་ཆུ་ལམ་ལྷོང་ཡོང་བའི་གཡང་གསོལ་ཞུས་པ་དང་། གྲོང་ཚོར་སྐོར་བ་ཞིག་བསྐོར་རྗེས་ཚང་མས་དཔེ་ཆ་པོ་ཏི་གོ་རིམ་ལྡན་པའི་ངང་དགོན་པར་སྐྱེལ་གྱི་ཡོད་པ་རེད།
    【1】  【2】  【3】  【4】
    བོད་རིགས་ཨ་མ་ལགས་ཤིག་གིས་ཆོས་སྐོར་ལམ་འགྲམ་དུ་བསང་བཏང་ནས་གཡང་གསོལ་ཞུ་བ་དང་། ཆོས་སྐོར་མཁན་ཚོས་དཔེ་ཆ་པོ་ཏི་ཨ་མ་ལགས་ཀྱི་མགོ་ལ་ཐུག་ཙམ་བྱས་ཏེ་གནས་མཇལ་ཞུ་བ་མཚོན།
    བོད་རིགས་ཨ་མ་ལགས་ཤིག་གིས་ཆོས་སྐོར་ལམ་འགྲམ་དུ་བསང་བཏང་ནས་གཡང་གསོལ་ཞུ་བ་དང་། ཆོས་སྐོར་མཁན་ཚོས་དཔེ་ཆ་པོ་ཏི་ཨ་མ་ལགས་ཀྱི་མགོ་ལ་ཐུག་ཙམ་བྱས་ཏེ་གནས་མཇལ་ཞུ་བ་མཚོན།
      

    ཕྱོགས་བསྡུས་གསར་འགྱུར།