འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་མ་ལེ་ཞི་ཡའི་མཚོ་འགྲམ་ཤར་མའི་ལྕགས་ལམ་གྱི་ཁོར་ཡུག་སྲུང་སྐྱོང་འཆར་
    གཞིར་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་04ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་27ཉིན་མ་ལེ་ཞི་ཡའི་རང་བྱུང་ཐོན་ཁུངས་དང་ཁོར་ཡུག་པུའུ་ཡིས་མཚོ་འགྲམ་ཤར་མའི་ལྕགས་ལམ་རྣམ་གྲངས་སྐྲུན་འགན་འཁུར་བའི་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་དང་གྲོས་མཐུན་གྱི་དྲན་ཐོར་མིང་རྟགས་བཀོད་དེ་ཕྱོགས་གཉིས་པོས་དགོས་ངེས་ཀྱི་བྱ་ཐབས་སྤྱད་ནས་ལྕགས་ལམ་བཟོ་སྐྲུན་གྱི་བརྒྱུད་རིམ་ནང་ཁོར་ཡུག་གི་བླང་བྱ་དང་འཚམ་པ་བྱ་རྒྱུར་གཞོལ་རྒྱུ་རེད།
         གྲོས་མཐུན་ལ་གཞིགས་ནས་ལྕགས་ལམ་འཛུགས་སྐྲུན་གྱི་དུས་འགོའི་གྲ་སྒྲིག་ལས་དོན་ལ་ཕྱོགས་གཉིས་པོས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་བཅའ་ཁྲིམས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཉེན་ཁ་ཆུང་དུ་གཏོང་རྒྱུ་ཡིན་པ་དང་། འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་ལྕགས་ལམ་ལམ་རྒྱུད་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ས་ཁོངས་ལས་གཡོལ་ཐབས་བྲལ་བར་དམིགས་ནས་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་ལས་བྱས་ནས་བྱ་ཐབས་མི་འདྲ་བ་སྤྱད་པ་བརྒྱུད་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྔར་བས་འཚམ་པའི་སྲུང་སྐྱོང་ཁུལ་དུ་གནས་སྤོ་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་འགྲམ་ཤར་ མའི་ལྕགས་ལམ་རྣམ་གྲངས་འཆར་འགོད་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་688ཡོད་པ་དང་། དེ་ནགས་ཁུལ་དང་རི་ཁུལ་མང་པོ་ཞིག་བརྒྱུད་དགོས་ཀྱི་ཡོད། ལམ་རྒྱུད་ཀྱི་སྲུང་སྐྱོང་ནགས་ཚལ་ཁྲོད་མ་ལེའི་དོམ་དང་མ་ལེའི་དྲེད་མོང་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་30ཙམ་གནས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།