འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ས་ཁམས་རྒྱལ་བབ་ཀྱི་རྒྱབ་ཤ་སྔོན་པོའི་དེབ་དང་པོ་འགྲེམས་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་04ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་ཚད་འཇལ་ཐིག་ལེན་ཚན་རིག་ཞིབ་འཇུག་ཁང་གིས་པེ་ཅིང་དུ་《ཀྲུང་གོའི་ས་ཁམས་རྒྱལ་བབ་ཀྱི་རྒྱབ་ཤ་སྔོན་པོའི་དེབ(2017ལོའི་པར་གཞི)》འགྲེམས་སྤེལ་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། རྒྱབ་ཤ་སྔོན་པོའི་དེབ་ཀྱི་རྣམ་པ་གཞིར་བཟུང་རྒྱལ་ཡོངས་ཀྱི་ས་ཁམས་རྒྱལ་བབ་ཡོངས་བཤེར་གྱི་འབྲས་བུ་རྒྱལ་ནང་དུ་དཔེ་སྐྲུན་བྱེད་ཐེངས་ཐོག་མ་དེ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱབ་ཤ་སྔོན་པོའི་དེབ་ཀྱིས་ཐོན་ཁུངས་དང་། སྣོད་བཅུད། སྤྱི་པའི་ཞབས་ཞུ། ས་ཁོངས་དཔལ་འབྱོར། གྲོང་ཁྱེར་འཕེལ་རྒྱས་སོགས་རྒྱལ་ཇུས་དམངས་འཚོའི་བརྗོད་དོན་གལ་ཆེན་ལ་དམིགས་ཏེ་རྒྱལ་ཡོངས་ཀྱི་ས་ཁམས་རྒྱལ་དོན་ཡོངས་བཤེར་གྱི་གྲངས་གཞི་ཐོག་མར་རྨང་གཞིར་འཛིན་པ་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་གྲངས་གཞི་དང་ཟུང་འབྲེལ་བྱས་ནས་ཚན་རིག་དང་མཐུན་ལ་བློས་འགེལ་ཆོག་པའི་ས་ཁམས་རྒྱལ་བབ་ཀྱི་བསྡོམས་རྩིས་དབྱེ་ཞིབ་བྱེད་སྟངས་བཟོས་པ་དང་། རང་རྒྱལ་གྱི་ས་ཁམས་རྒྱལ་བབ་ཀྱི་སྤྱིའི་གནས་ཚུལ་མཚོན་པའི་སྟོན་གྲངས་མ་ལག་ཆགས་པ། ས་ཁམས་བར་མཐོངས་ཀྱི་ཐད་ནས་རང་རྒྱལ་གྱི་ས་ངོས་རང་བྱུང་ཐོན་ཁུངས་ཀྱི་གཞི་རྒྱུ་དང་བེད་སྤྱོད་དང་། ས་ངོས་སྣོད་བཅུད་ཀྱི་རྣམ་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་བར་མཐོངས་ཁྱབ་ཚུལ་བཅས་ཀྱི་སྤྱི་ཡོངས་གནས་ཚུལ་གོ་རིམ་ལྡན་པའི་ངང་ཞིབ་པར་བརྗོད་ཡོད། གཞན་ཡང་ས་ཁོངས་དབར་གྱི་ཧེ་བག་སྡུར་བ་བཏང་ནས་སྤྱི་ཁོག་གི་ཚད་གཞིར་བརྟེན་ནས་སྣོད་བཅུད་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་བ་དང་རང་བྱུང་གྱི་རྒྱུ་རྐྱེན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྒྱུ་རྐྱེན་མཐུན་འགྱུར་གྱི་ཚད་གཞི་མངོན་ཡོད།
         རྒྱབ་ཤ་སྔོན་པོའི་དེབ་དེ་ཀྲུང་གོ་ཚད་འཇལ་ཐིག་རིས་ཚན་རིག་ཞིབ་འཇུག་ཁང་སོགས་ཀྱི་སྒྲིག་གཞིས་ཇུས་འགོད་བྱས་ནས་དཔེ་སྐྲུན་བྱས་པ་ཞིག་རེད། དེའི་དམིགས་ཡུལ་ནི་རྒྱལ་ཁབ་དང་ས་གནས་ལ་དོན་དངོས་དང་མཐུན་པ་དང་ཚན་རིག་དང་མཐུན་པའི་གྲངས་གཞི་དང་དབྱེ་ཞིབ་མཁོ་འདོན་བྱེད་ཆེད་རེད།
      

    ཕྱོགས་བསྡུས་གསར་འགྱུར།