འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་དྲོད་ཚད-70℃འོག་སྤྱོད་ཆོག་པའི་ལིའི་གློག་རྫས་
    གསར་གཏོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་04ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་དྲོད་ཚད-70℃འོག་སྤྱོད་ཆོག་པའི་ལིའི་གློག་རྫས་གསར་གཏོད་བྱས་པ་དང་སླད་ཕྱིན་སའི་གོ་ལའི་ཆེས་གྲང་ངར་ཆེ་བའི་ས་ཁུལ་དང་ཐ་ན་བར་སྣང་དུ་ཡང་སྤྱོད་ཆོག་རེ་ཡོད།
         ཨ་རིའི་ནུས་རྒྱུའི་རིག་གཞུང་དུས་དེབ་《ཅའོ་ཨེར་》ཡི་འདོན་ཐེངས་གསར་ཤོས་ཐོག་བཏོན་པའི་ཞིབ་འཇུག་ལས་མངོན་དོན། ཀྲུང་གོའི་ཧྥུའུ་ཏན་སློབ་ཆེན་གྱི་ཤ་ཡུང་ཡའོ་ཚོགས་པས་གསར་སྤེལ་བྱས་པའི་གློག་རྫས་གསར་པར་འཁྱག་ཚད་དམའ་བ་དང་དྲོད་ཚད་ཧ་ཅང་དམའ་བའི་ཆ་རྐྱེན་འོག་གློག་འདྲེན་ཐུབ་པའི་ལག་རྩལ་སྤྱད་ཡོད།
         ཤ་ཡུང་ཡའོ་ཡིས་སྲོལ་རྒྱུན་གྱི་ལིའི་གློག་རྫས་ཀྱི་གློག་སྣེའི་རྒྱུ་ཆ་དང་བསྡུར་ན་གློག་རྫས་གསར་པའི་རྒྱུ་ཆ་འདང་ངེས་དང་གོང་ཁེ་ལ་ཁོར་ཡུག་སྲུང་སྐྱོང་གི་ནུས་པ་ལྡན་ཡོད། སྔོན་རྩིས་བྱས་ན་རྒྱུ་ཆ་དེའི་རིན་གོང་དེ་སྔའི་རྒྱུ་ཆའི་གསུམ་ཆ་གཅིག་ལས་མེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།