འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་《དང་པོའི་བཅོ་ལྔའི་དུས་ཆེན་》གྱི་དམིགས་བསལ་སྦྲག་འཛིན་དང་པོ་
    དེ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་04ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ཉེ་ཆར། ཀྲུང་གོ་སྦྲག་སྲིད་ཀྱིས་ཆ་ཚང་གཅིག་ལ་སྦྲག་འཛིན་གསུམ་ཡོད་པའི་《དང་པོའི་བཅོ་ལྔའི་དུས་ཆེན་》གྱི་དམིགས་བསལ་སྦྲག་འཛིན་བཏོན་པ་རེད། འདི་ནི་ཀྲུང་གོས་དང་པོའི་བཅོ་ལྔའི་དུས་ཆེན་གྱི་སྦྲག་འཛིན་འདོན་ཐེངས་དང་པོ་དེ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། སྦྲག་འཛིན་ཆ་ཚང་དེ་སུའུ་ཀྲོའུ་ཡི་རི་མོ་མཁས་ཅན་ལི་ཧན་གྱིས་བྲིས་པ་ཞིག་ཡིན་པ་དང་། རི་མོ་དང་པོ་ནི“དང་པོའི་བཅོ་ལྔའི་དུས་ཆེན་སྐབས་ཐང་ཡོན་ཟ་བ”ཡིན་ཞིང་། དེའི་ནང་དང་པོའི་བཅོ་ལྔའི་དུས་ཆེན་ལ་མི་རབས་གསུམ་གྱིས་དགའ་སྤྲོའི་ངང་ཐང་ཡོན་ཟ་བཞིན་པའི་སྲོལ་རྒྱུན་དམངས་སྲོལ་གྱི་འཚོ་བའི་རྣམ་པ་འཁོད་ཡོད། རི་མོ་གཉིས་པ་ནི“ཚོན་ཁྲ་ཅན་གྱི་ལྒང་བཞུར་ལྟ་བ”དེ་ཡིན་ཞིང་། དེའི་ནང་ཕོ་མོ་རྒན་གཞོན་ཚོས་ཚོན་ཁྲ་ཅན་གྱི་ལྒང་བཞུར་ལྟ་བའི་རྣམ་པ་འཁོད་ཡོད། རི་མོ་གསུམ་པ་ནི“སེང་རྩེད་དང་འབྲུག་རྩེད་རྩེ་བ”དེ་ཡིན་ཞིང་། དེའི་ནང་དང་པོའི་བཅོ་ལྔའི་དུས་ཆེན་སྐབས་སུ་སེང་རྩེད་དང་འབྲུག་རྩེད་རྩེ་བའི་འཁྲུག་ཆ་དོད་པའི་རྣམ་པ་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།