འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་དཔྱིད་གསར་དུས་ཆེན་བོད་ཀྱི་ལོ་གསར་དང་འཕྲད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།2018ལོའི་དཔྱིད་གསར་དུས་ཆེན་བོད་ཀྱི་ལོ་གསར་དང་འཕྲད་པ།
         མི་དམངས་དྲ་བའི་འཕྲིན། 2018ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཉིས་དུས་གཅིག་ཏུ་འཁེལ་ཡོད་ཅིང་། དེ་ནི་གཞི་རིམ་མང་ཚོགས་ཀྱི་ངོས་ནས་བཤད་ན། དགའ་འོས་པའི་ཉིན་མོ་ཞིག་རེད། སློབ་གྲྭར་འགྲིམ་བཞིན་པའི་བུ་ཕྲུག་དང་ལས་ཀར་ཞུགས་ཟིན་པའི་ཕོ་མོ་རྒན་གཞོན་ཚང་མ་ཕྱིར་ཕ་ཡུལ་དུ་ལོག་ནས་དགའ་འཛོམས་བྱས་ཆོག་པ་རེད། དེའི་ཕྱིར་དུ། ད་ལོའི་ལོ་གསར་ནི་ལོ་སྔོན་མའི་ལོ་གསར་ལས་འཁྲུག་ཆ་དོད་པོ་ཞིག་ཏུ་གྱུར་ཡོད།
         སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་རི་འགོ་ཤང་ཏང་ཨུད་དང་སྲིད་གཞུང་གིས་གཙོ་གཉེར་བྱས་ནས་འཆམ་མཐུན་རི་འགོ་དང་བརྩོན་ལེན་རི་འགོ་ཞེས་པའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་རི་འགོ་ཤང་སྲིད་གཞུང་གི་སྒོ་རར་སྤེལ་བ་རེད། ཤང་གི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་འཛོམས་ནས་དགའ་བའི་ཞབས་བྲོ་དང་སྐྱིད་པའི་གླུ་གཞས་བླངས་ནས་ལོ་གསར་པར་དགའ་སྟོན་རྟེན་འབྲེལ་གྱ་ནོམ་པ་ཞིག་ཞུས་པ་རེད།
         རི་འགོ་ཤང་གི་2018ལོའི་ལོ་གསར་གྱི་རིག་རྩལ་འཁྲབ་སྟོན་ནི་མང་ཚོགས་དང་ལས་བྱེད་པ་ཚོས་མཉམ་གཅིག་ཏུ་འཁྲབ་སྟོན་བྱས་པ་སྟེ། 《རྟ་རྒྱུག་རྒྱལ་འཇོག་》དང་།  《བཀྲ་ཤིས་སྐོར་བྲོ་》《འབྲུག་གཞས་》《མགོ་ལོག་སྐོར་བྲོ་》བཅས་ཀྱི་ཞབས་བྲོ་དང་། 《བོད་ཀྱི་བུ་ཕྲུག་》དང་། 《བཀྲ་ཤིས་པའི་ཉིན་མོ》《ཕ་ཡུལ་》《ལམ་》བཅས་ཀྱི་གླུ་གཞས།  དེ་བཞིན་དུ་《བདེ་སྐྱིད་》ཅེས་པའི་རྒྱུ་རྔམ་ངོམ་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་སྟོན་མོ་ཕུན་སུམ་ཚོགས་པ་ཞིག་བསྟན་པ་རེད།
         ད་ལོའི་ལོ་གསར་སྐབས་དཀར་མཛེས་སུ་རི་འགོ་ཤང་གི་ལོ་གསར་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་རྗེས་སུ་དཀར་མཛེས་ས་ཁུལ་སོ་སོ་ནས་ཕོ་མོ་རྒན་གཞོན་ཚང་མས་རང་མོས་ངང་སྒྲིག་འཛུགས་བྱས་ནས་གཞས་དང་ཞབས་བྲོ་འཁྲབ་སྟོན་བྱས་ཏེ་ལོ་གསར་པར་བཀྲ་ཤིས་རྟེན་འབྲེལ་ཞུ་བཞིན་ཡོད་པ་རེད། འདི་ལས་བོད་མི་རིགས་ནི་གླུ་གར་གྱི་རྒྱ་མཚོ་ཡིན་ཞེས་པའི་གོ་བ་ཅིས་ཀྱང་གསལ་པོར་རྟོགས་ཐུབ་ཀྱི་ཡོད།
    【1】  【2】  【3】  【4】  【5】  【6】
    ༄༅།།2018ལོའི་དཔྱིད་གསར་དུས་ཆེན་བོད་ཀྱི་ལོ་གསར་དང་འཕྲད་པ།
      

    ཕྱོགས་བསྡུས་གསར་འགྱུར།