འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་ནས་ཞུང་ཨན་གྲོང་ཁྱེར་བར་གྱི་ལྕགས་ལམ་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་04ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཞུང་ཨན་ཁུལ་གསར་གྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་ཐོག་མ་སྟེ། པེ་ཅིང་ནས་ཞུང་ཨན་གྲོང་ཁྱེར་བར་གྱི་ལྕགས་ལམ་དངོས་སུ་སྐྲུན་འགོ་ཚུགས་ཡོད། རྣམ་གྲངས་དེའི་ལམ་ཐིག་ཧྲིལ་པོ་སྐྲུན་ཟིན་རྗེས་པེ་ཅིང་གྲོང་ཁུལ་ནས་ཞུང་ཨན་ཁུལ་གསར་བར་གྱི་ལྕགས་ལམ་ཐོག་འགྲོ་སྐྱོད་བྱེད་པར་སྐར་མ་30ཙམ་ལས་འགོར་གྱི་མེད་པ་རེད།
         པེ་ཅིང་ནས་ཞུང་ཨན་གྲོང་ཁྱེར་བར་གྱི་ལྕགས་ལམ་དེ་པེ་ཅིང་ནས་ཅིའུ་ལུང་བར་གྱི་ལྕགས་ལམ་ལི་ཡིང་བབས་ཚུགས་ནས་འགོ་བཙུགས་ཏེ་པེ་ཅིང་གི་ཏ་ཤིང་ཆུས་དང་། པེ་ཅིང་གི་གནམ་ཐང་གསར་པ། པ་ཀྲོའུ་གྲོང་ཁྱེར་བཅས་བརྒྱུད་མཐར་ཞུང་ཨན་ཁུལ་གསར་དུ་སླེབས་ཀྱི་ཡོད། ལམ་ཐག་སྤྱི་ལེ་92.4ཡོད་པ་དང་ཁྱོན་མེ་འཁོར་བབས་ཚུགས་5བཙུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་335.3བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།