འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས“ཨུ་ཡོན་གྱི་བགྲོད་
    ལམ”ཐོག་མར་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་04ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་ཟླ་3ཚེས་3ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་འགོ་ཚུགས་པ་དང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་2ཙམ་ལ“ཨུ་ཡོན་གྱི་བགྲོད་ལམ”ཐོག་མའི་བཅར་འདྲི་དང་ལེན་བྱེད་སྒོ་ཚོགས་ཁང་ཆེ་མོའི་ཚོམས་ཆེན་དབུས་མར་སྤེལ་འགོ་ཚུགས་པ་རེད།
         2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བའི་ལོ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་ཕྱི་མཐུད་ཀྱི་འགག་རྩའི་ལོ་བཅས་རེད། འདི་ལོའི་ཚོགས་འདུ་གཉིས་ལ་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེ་སྔའི“པུའུ་ཀྲང་གི་བགྲོད་ལམ”གྱི་རྨང་གཞིའི་ཐོག“འཐུས་མིའི་བགྲོད་ལམ”དང“ཨུ་ཡོན་གྱི་བགྲོད་ལམ”ཐོག་མར་བཙུགས་པ་རེད།
         ཚེས་2ཉིན་ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཝང་གོ་ཆིང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག སྲིད་གྲོས་ཚོགས་ཆེན་གྱིས“ཨུ་ཡོན་གྱི་བགྲོད་ལམ”ཐེངས་གསུམ་ཐོག་མར་སྒྲིག་འཛུགས་བྱས་ནས་ཀྲུང་ཕྱིའི་སྨྱན་སྦྱོར་གྱི་བཅར་འདྲིར་སྒོ་ཕྱེ་ཡོད་ཅེས་བརྗོད།
         གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་སྲིད་གྲོས་ཚོགས་ཆེན་གྱི“ཨུ་ཡོན་གྱི་བགྲོད་ལམ”གྱི་བརྗོད་དོན་གཙོ་བོ་ནི“དུས་རབས་གསར་པའི་མི་དམངས་སྲིད་གྲོས”ཡིན་ཞིང་། ཚན་རྩལ་དང་། སྣོད་བཅུད། སློབ་གསོ། སྤྱི་ཚོགས། ཁྲིམས་ལུགས་འཛུགས་སྐྱོང་། གསར་གཏོད་འཕེལ་རྒྱས། དངོས་ཚན་དཔལ་འབྱོར་སོགས་ཀྱི་གླེང་གཞིར་དམིགས་ནས་ཨུ་ཡོན་ཚོས་ས་གནས་ས་ཐོག་ཏུ་གསར་འགོད་པའི་དྲི་བར་ལན་འདེབས་ཀྱི་ཡོད།
         “ཨུ་ཡོན་གྱི་བགྲོད་ལམ”གྱི་བཅར་འདྲི་དང་ལེན་བྱེད་སྒོ་ཐེངས་གསུམ་པོ་དེ་ཟླ་3ཚེས་3ཉིན་དང་། ཚེས་10ཉིན། ཚེས་15ཉིན་བཅས་སུ་སྤེལ་རྒྱུ་ཡིན་ཞིང་། སྤེལ་ཐེངས་རེའི་དུས་ཚོད་སྐར་མ་40ཙམ་རེད། “ཨུ་ཡོན་གྱི་བགྲོད་ལམ”སྤེལ་ཐེངས་ཐོག་མར་ཨུ་ཡོན་དབྱང་ལི་ཝུའེ་དང་། ཕན་ཅན་ཝུའེ། ཀྲང་ཐའོ་ལིན། ལུའི་ཀྲུང་མའེ། དབྱང་དབྱང་སོགས་རིགས་ཁོངས་མང་པོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཅུ་ལྷག་ཙམ་གྱིས་ཀྲུང་ཕྱིའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།