འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་ཀྱི་རྟ་རྩལ་འཁྲབ་སྟོན་གྱིས་བོད་ཀྱི་གྲོང་གསེབ་ཁུལ་དུ་སྤྲོ་སྣང་སྦྱིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་27ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གྲོང་གསེབ་ཀྱི་རྟ་རྩལ་འཁྲབ་སྟོན་གྱིས་བོད་ཀྱི་གྲོང་གསེབ་ཁུལ་དུ་སྤྲོ་སྣང་སྦྱིན་པ།
         མི་དམངས་དྲ་བའི་འཕྲིན། ལྷ་ས་ནས་ཟླ2ཚེས་25ཉིན་གྱི་སྔ་དྲོ། བོད་ལྗོངས་མི་རིགས་སྲོལ་རྒྱུན་རྟ་རྩལ་རུ་ཁག་གི་རུ་མི་ཚོས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་ལྕང་རྒྱབ་གྲོང་ཚོའི་ཐང་སྟོང་དུ་ཡུལ་མི་ཚོར་ངོ་མཚར་ཆེ་བའི་རྟ་རྩལ་འཁྲབ་སྟོན་བྱས་པ་རེད། “རྟ་ཐོག་ནས་མདའ་འཕེན་པ”དང“རྟ་ཐོག་ནས་ཁ་བཏགས་སྒྲུག་པ”སོགས་ངོ་མཚར་ཆེ་བའི་རྟ་རྩལ་རྣམ་གྲངས་ཆེ་བ་12དང་ཆུང་བ་28འཁྲབ་སྟོན་བྱས་ནས་གཟིགས་མོ་བ་རྣམས་ལ་བོད་ཀྱི་ལོ་གསར་རིང་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།
        དགའ་ལྡན་ཆོས་འཁོར་གྲོང་རྡལ་དུ་རྟ་རྩལ་འགྲན་པའི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དེ་ཉིན་གྱི་རྟ་རྩལ་འགྲན་བསྡུར་ལ་མི་ཁྲི་2ཙམ་ཕྱོགས་བཞི་མཚམས་བརྒྱད་ནས་ལྟད་མོ་ལྟ་བར་སླེབས་ཡོད། རྟ་རྩལ་འགྲན་རའི་མཐའ་བཞི་ཡུལ་མིས་བསྐོར་ཡོད་པ་དང་ཡུལ་མི་ཚོས་རྟེན་འབྲེལ་མཚོན་པའི་ཕྱེ་མར་དང་ཆང་ཕུད་རྟ་པ་རྣམས་ལ་བཀྱགས་པ་རེད།
         གཙོ་སྐྱོང་བ་ནི་ས་ཆ་དེ་གའི་གྲོང་མི་ཡིན་པ་དང་ཆོབ་ཚ་བའི་སྐད་ཆའི་ཁྲོད་ལྟད་མོ་བ་རྣམས་དགའ་སྤྲོའི་དཔལ་ལ་རོལ། ལོ་65སླེབས་པའི་བསྟན་ནོར་གྱིས་ལྟད་མོ་ལྟ་ཞོར་དུ་གསར་འགོད་པར“ལྟད་མོ་ཆེན་པོ་འདུག ཆེད་ལས་རྟ་རྩལ་པ་རང་རེད་འདུག རྟ་རྩལ་འདི་འདྲ་མཐོང་ཐེངས་དང་པོ་ཡིན”ཞེས་བཤད།
         ཉེ་བའི་ལོ་འགའི་རིང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ཀྱི་ལུས་རྩལ་ལས་དོན་གནས་བབ་གལ་ཆེན་དུ་བཞག་ནས་ཞིང་འབྲོག་པའི་ལུས་རྩལ་ལུས་སྦྱོང་གི་འདུ་འགོད་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་4856ལ་དོན་འཁྱོལ་བྱས་པར་བརྟེན་གྲོང་ཚོ་ཚང་མར་ལུས་སྦྱོང་བྱེད་ས་ཡོད། སྲིད་གཞུང་སྡེ་ཚན་གྱིས་ད་དུང་ལུས་རྩལ་གཤམ་སྤེལ་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་རྟ་རྩལ་གྱིས་གཙོ་བོ་བྱེད་པ་དང་ལུས་སྦྱོང་ལུས་རྩལ་དང་སྒོར་གཞས། ལུས་སྦྱོང་ཤེས་བྱ་སོགས་ནང་དོན་གྱིས་རམ་འདེགས་བྱེད་པའི་གཞི་རིམ་མང་ཚོགས་ཀྱི་ལུས་རྩལ་ཞབས་ཞུའི་ལས་དོན་རྒྱུན་མཐུད་ངང་སྤེལ་བ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།གྲོང་གསེབ་ཀྱི་རྟ་རྩལ་འཁྲབ་སྟོན་གྱིས་བོད་ཀྱི་གྲོང་གསེབ་ཁུལ་དུ་སྤྲོ་སྣང་སྦྱིན་པ།
      

    ཕྱོགས་བསྡུས་གསར་འགྱུར།