འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོའི་གྲོང་གསེབ་ཏུ་ཡུལ་སྐོར་དར་ནས་གྲོང་མིའི་འཚོ་བ་ཉིན་བཞིན་ལེགས་སུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་23ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ད་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཉིན་གཅིག་ལ་ཏག་ཏག་འཁེལ་བས་བོད་ལྗོངས་སུ་གུང་གསེང་དུས་ཡུན་ཉིན་10ཡོད་པ་རེད། འོན་ཀྱང་ལོ་25ལ་སླེབས་པའི་བདེ་སྐྱིད་ལགས་ཀྱིས་ལོ་གསར་པ་འདིའི་གུང་གསེང་གི་དུས་ཡུན་ནང་དལ་ཁོམ་བྱུང་མེད།
         བདེ་སྐྱིད་ལགས་ཀྱི་སྡོད་སའི་དོག་སྡེ་ཤང་འོད་པ་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་བྱང་ཤར་ཕྱོགས་སུ་ཡོད་ཅིང་། གྲོང་ཁྱེར་ལྟེ་གནས་དང་བར་ཐག་སྤྱི་ལེ་7ཡོད་པ་རེད། ལོ་4ཡི་གོང་ལ་ཁོ་མོས་རང་ཁྱིམ་གྱི་སྒོ་ར་འདི་མགྲོན་ཁང་དུ་བསྒྱུར་བཀོད་བྱས་ནས་ཡུལ་སྐོར་བ་ཚོར་སེམས་རྩ་འཁོལ་པོ་ངང་བོད་ལྗོངས་ཀྱི་ཡུལ་སྲོལ་ངོ་སྤྲོད་བྱས་པ་མ་ཟད་བཟའ་འཐུང་དང་ཞག་སྡོད་མཁོ་འདོན་བྱེད་འགོ་བརྩམས་པ་རེད། དུས་དེ་ནས་བཟུང་། བདེ་སྐྱིད་ལགས་ལ་དགུན་དུས་སུའང་བྲེལ་བ་ཆེན་པོ་ཡོད་པ་རེད།
         བདེ་སྐྱིད་ལགས་ཀྱིས"བོད་ཀྱི་ལོ་གསར་ནི་ནང་སའི་དཔྱིད་གསར་དུས་ཆེན་དང་ཡུལ་གོམས་གཤིས་ལུགས་མི་འདྲ་བ་མང་པོ་ཡོད་ཅིང་། ཡུལ་སྐོར་བ་མང་པོ་ཞིག་གིས་དེར་སྤྲོ་བ་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག"ཅེས་བཤད་པ་རེད། བོད་ཚེས་ཉེར་དགུའི་ཉིན་དེར། ཁོ་མོས་པེ་ཅིང་ནས་ཕེབས་པའི་ཡུལ་སྐོར་བ་ཚོར་བོད་རིགས་ཀྱི་དུས་སྟོན་ལ་རྟེན་འབྲེལ་ཞུ་བའི་དགུ་ཐུག་གཡོས་སྦྱོར་བྱས་པ་དང་། ལོ་གསར་ཚེས་གཅིག་ཉིན་དེར། ཁོ་མོས་རང་ཁྱིམ་དུ་ནང་ས་ནས་ཕེབས་པའི་ཡུལ་སྐོར་བ་བརྒྱ་ཙམ་ལ་བསུ་བ་ཞུས་ནས་ཚང་མས་བོད་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་བརྗེས་ནས་གླུ་ལེན་པ་དང་ཞབས་བྲོ་བརྒྱབ་ནས་ཐུན་་མོང་མ་ཡིན་པའི་མཉམ་འཛོམས་དུས་ཆེན་ཞིག་རོལ་བ་རེད།
         དོག་སྡེ་ཤང་མཐའ་འཁོར་གྱི་རྒྱུད་ནི་སྔོན་ཆད་ལྷ་མོ་འཁྲབ་གཞུང་བརྒྱད་ཀྱི་ཡ་གྱལ་《གཅུང་དོན་ཡོད་དོན་གྲུབ་》ཀྱི་ནང་དོན་འཚོལ་ས་དང་། བོད་སྨན་གྱི་རྒྱུ་ཆ་འཐུ་སའི་གནས་མཆོག་ཞིག་རེད། ཉེ་བའི་ལོ་ཤས་རིང་། དོག་སྡེ་ཤང་གི་འགྲིམ་འགྲུལ་སྟབས་བདེ་བ་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། "ལྷ་སའི་མི་ཚང"ཞེས་པའི་སྤུས་རྟགས་འཛུགས་སྐྱོང་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་བ་རེད། འོད་པ་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ལས་དོན་རུ་ཁག་གིས་གྲོང་ཚོར་ཚ་ཚ་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་། ཡུལ་སྐོར་སྤྲོ་གསེང་ལྟ་སྐོར་གླིང་སོགས་རྣམ་གྲངས་སྐྲུན་བྱས་ཤིང་། གྲོང་ཚོ་ཡོངས་སུ"ལྷ་སའི་མི་ཚང"ཞེས་པའི་ཁྱིམ་དུད་10ལས་བརྒལ་ཡོད་པ་རེད།
         ཐེན་ཅིན་གྲོང་ཁྱེར་ནས་ཆེད་མངགས་བོད་ལྗོངས་སུ་ལོ་གསར་གཏོང་བར་ཕེབས་པའི་ཡུལ་སྐོར་བ་ཧན་སུང་གནམ་གང་ནས་ལོ་གསར་ཚེས་གསུམ་བར་ལྷ་སར་ལོ་གསར་བཏང་བ་རེད། བདེ་སྐྱིད་ལགས་ཀྱི་ཁྱིམ་དུ་བོད་ཀྱི་ལོ་གསར་གྱི་གོམས་སྲོལ་ཁྱད་པར་ཅན་ཉམསསུ་མྱོང་བ་བྱས་ནས་ཁོ་བོར་ཚེ་གང་བརྗེད་མི་སྲིད་པའི་ཚོར་སྣང་སྦྱིན་པ་རེད་།
         ཧན་སོན་གྱིས"བོད་ལྗོངས་སུ་ཐེངས་དང་པོ་ཡོང་བའི་ཡུལ་སྐོར་བ་ཞིག་ཡིན་པའི་ཆ་ནས་བོད་ལྗོངས་ཀྱི་དམངས་སྲོལ་གཅིག་བསྡུས་སུ་ཉམས་སུ་མྱོང་བའི་གོ་སྐབས་འདི་འདྲ་བྱུང་བར་དངོས་གནས་བསོད་བདེ་ཆེན་པོ་རེད"ཅེས་བརྗོད་པ་རེད།
         བདེ་སྐྱིད་ལགས་ཀྱིས་སྤོབས་པ་ཆེན་པོའི་སྒོ་ནས"ད་ལོའི་ལོ་གསར་ལ་ང་ལ་ཡུལ་སྐོར་ལས་དོན་ཁང་གི་མངགས་ཐོ་འབྱོར་བ་མ་ཟད། མགྲོན་པོ་ཐར་ཐོར་བ་མང་པོ་ཞིག་གིས་ཀྱང་ང་ལ་ཁ་པར་གཏོང་འགོ་བརྩམས་པ་འདི་ནི་སྔོན་ཆད་ཡོད་མ་མྱོང་བ་ཞིག་རེད" སྤུས་རྟགས་ཁྱབ་སྤེལ་བྱས་པས་ད་ལྟ་རྒྱས་སྐྲུན་བྱ་རྒྱུའི་བསམ་བློ་གཏོང་བཞིན་ཡོད་ཅིང་། རྗེས་སུ་ཡུལ་སྐོར་བ་དེ་བས་མང་བ་སྣེ་ལེན་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         རགས་རྩིས་བྱས་པ་ལྟར་ན། 2017ལོར། བདེ་སྐྱིད་ལགས་ཀྱི་ཁྱིམ་ཚང་གིས་ཡུལ་སྐོར་བ་མི་ཐེངས་800ལྷག་ཙམ་སྣེ་ལེན་བྱས་ནས་ཡོང་འབབ་སྒོར་ཁྲི་ལྔ་དྲུག་ལྷག་འཕར་སྣོན་བྱུང་བ་རེད།
         འོད་པ་གྲོང་ཚོའི་དབུལ་སྐྱོར་ཆེད་ལས་པ་ཉི་མས "གྲོང་གསེབ་ཀྱི་ཡུལ་སྐོར་དེ་ཉིད་གྲོང་མིས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད" གྲོང་གསེབ་ཀྱི་ཡུལ་སྐོར་དར་ནས་གྲོང་མིའི་འཚོ་བ་སྔར་བས་ལེགས་སུ་ཕྱིན་ཡོད་ཅེས་བརྗོད་པ་རེད།
         "དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་ལ་སྐྱོད"ཅེས་པའི་ཐབས་ལམ་སྤྱད་ནས་མཐོ་སྒང་གི་གྲོང་གསེབ་ཀྱི་ཡུལ་སྐོར་ཉིན་རེ་བཞིན་དར་རྒྱས་འགྲོ་བ་བྱེད་ཀྱི་ཡོད་པ་རེད།
         ད་ལོའི་ལོ་འགོར། བོད་ལྗོངས་ཀྱིས"དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་ལ་སྐྱོད"ཅེས་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་2018ལོའི་ཟླ་2ཚེས་1ཉིན་ནས་ཟླ་4ཚེས་30ཉིན་གྱི་བར། ཕོ་བྲང་པོ་ཏ་ལ་སོགས་བོད་ལྗོངས་ཡོངས་ཀྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་རིན་པ་མི་དགོས་པར་ཡུལ་སྐོར་བ་ཡོངས་ལ་སྒོ་འབྱེད་པ་མ་ཟད། དེ་དང་ཆ་འགྲིག་གི་མཁའ་འགྲུལ་དང་ཞག་སྡོད་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཀྱང་བཏོན་པ་རེད།
         ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ནས་ཡིན་པའི་ཁྲེན་ལིན་ཡན་གྱིས་གནས་ཚུལ་དེ་ཤེས་མ་ཐག་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་བོད་ལྗོངས་སུ་ལོ་གསར་གཏོང་བར་བསྐྱོད་རྒྱུའི་གཏན་འཁེལ་བྱས་པ་རེད། བར་སྐོར་དང་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱས་པ་དང་། རྟ་རྒྱུག་འཁྲབ་སྟོན་ལ་བལྟས་པ་མ་ཟད། ཁོང་དང་ནང་མི་ཚོས་ད་དུང་ཆེད་མངག་ཆུ་ཤུར་རྫོང་སྟག་གདོང་གྲོང་ཚོར་ས་མཐོའི་གྲོང་གསེབ་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བར་ཕྱིན་པ་རེད།
         ལྷ་སའི་ལྷོ་ནུབ་ཀྱི་གྲོག་རོང་དུ་ཡོད་པའི་སྟག་གདོང་གྲོང་ཚོར་དགོན་རྙིང་དང་ནགས་ཚལ། ཞིང་ཁ། གྲོང་སྡེ། མཚེའུ། ཆུ་ཕྲན། གཞིས་ཀ་བཅས་སྤེལ་མར་ཆགས་ཤིང་། རྟོགས་ལྡན་CSདང་། གྲོང་གསེབ་མགྲོན་ཁང་། བོད་ཟས་མྱོང་རོལ། ཆུ་ཚན་སྤྲོ་གསེང་ཁུལ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་འཛུགས་གཉེར་བྱེད་ཀྱི་ཡོད་པ་རེད།
         སྟག་གདོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེ་ཡིས་2017ལོར་སྟག་གདོང་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་10ལྷག་སྣེ་ལེན་བྱས་པ་མ་ཟད། གྲོང་མི་རྣམས་ལ་ལས་ཞུགས་ལས་གནས་བརྒྱ་ལྷག་ཐག་གཅོད་བྱས་ཡོད། "གྲོང་ཚོ་ཡོངས་ཀྱི་གྲོང་མི་ཚོའི་འཚོ་བ་ཡུལ་སྐོར་ཐོན་ལས་ཀྱི་དབང་གིས་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད"ཅེས་བརྗོད་པ་རེད།
         བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར་གཞིགས་ན། "དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་ལ་སྐྱོད་"ཅེས་པའི་སྲིད་ཇུས་ཀྱི་ཕན་ནུས་ཐོབ་པས། ཟླ་2ཚེས་15ཉིན་ནས་ཚེས་18ཉིན་བར། བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་21ལྷག་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1.6ལ་ཉེ་བ་མངོན་འགྱུར་བྱུང་ནས་ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར་30.7%དང་14.7%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།