འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་འགག་སྒོར་ཤེས་ཡོན་གྱི་ཐོན་དངོས་བདག་དབང་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་ཐོབ་ནས་
    ལོ་5ཡི་རིང་ཤེས་ཡོན་གྱི་ཐོན་དངོས་བདག་དབང་གི་གྱོད་གཞི་175རྩད་ཆོད་ལག་ཟིན་བྱས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་22ཉིན། 16:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ལྷ་ས་འགག་སྒོས་ཐོག་མཐའ་བར་གསུམ་དུ"རྡུང་རྡེག་དང་སྔོན་འགོག་མཉམ་སྤེལ"བྱས་ནས་ཕྱིར་གཏོང་ནང་འདྲེན་གྱི་ལྷུ་ཚིགས་སུ་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱ་ངན་ལ་རྡུང་རྡེག་ཚ་ནན་བཏང་ནས་ཤེས་ཡོན་གྱི་ཐོན་དངོས་བདག་དབང་སྲུང་སྐྱོང་ལས་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ལོ་5ཡི་རིང་ལ་ལྷ་ས་འགག་སྒོ་ཡིས་ཁྱོན་བསྡོམས་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལ་གནོད་འཚེ་བཏང་བའི་དོགས་ཡོད་གྱོད་གཞི་175རྩད་ཆོད་ལག་ཟིན་བྱས་ཡོད་པས། རིན་ཐང་མི་དམངས་ཤོག་སྒོར་ཁྲི་119.36རི་བ་དང་། གྱོད་འབྲེལ་དབང་གནོད་དོགས་གཞི་ཡོད་པའི་དངོས་རྫས་136607ཆད་གཅོད་གཞུང་བཞེས་བྱས་ཡོད་པ་རེད། ད་ལོའི་ཟླ་བ་2པར་རྒྱལ་ཡོངས་སུ་དབང་གནོད་རྫུན་བཟོ་ལ་རྡུང་རྡེག་གཏོང་བའི་ལས་དོན་གྱི་སྔོན་ཐོན་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་ལྷ་ས་འགག་སྒོའི་གཞུང་ལས་ཁང་གི་ཁྲིམས་སྲོལ་ཁང་ལ་གཟི་བརྗིད་ངང་རྒྱལ་ཡོངས་ཀྱི་རྫུན་མར་རྡུང་རྡེག་གཏོང་བའི་སྔོན་ཐོན་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།