འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲིམས་འཛིན་ནན་པོ་བྱས་ནས་དཔྱིད་གསར་སྐྱེལ་འདྲེན་ལ་རོགས་སྐྱོར་ཤུགས་ཆེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་22ཉིན། 16:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཁྲིམས་འཛིན་ནན་པོ་བྱས་ནས་དཔྱིད་གསར་སྐྱེལ་འདྲེན་ལ་རོགས་སྐྱོར་ཤུགས་ཆེན་བྱས་པ།
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་གིས་ལས་སྒྲུབ་མདུན་སར་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་འཁོར་ལོ་འབབ་ཚིགས་ཕྱི་ནས་འགྲུལ་པ་སྐོང་འབོད་བྱེད་པ་དང་། ལག་ཁྱེར་མེད་པའི་རླངས་འཁོར་གྱིས་ལམ་ཞོར་འགྲུལ་སྐྱེལ་བྱེད་པ་སོགས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་དང་། ཁྲིམས་འགལ་གྱིས་ཡུལ་སྐོར་འགྲུལ་སྐྱེལ་དང་། རྒྱུན་ཚིགས་རླངས་འཁོར་གྱི་ལམ་ཐིག་ཏུ་འགྲུལ་སྐྱེལ། རླངས་འཁོར་གླས་ནས་འགྲུལ་སྐྱེལ་བཅས་བྱེད་པར་“བཟོད་སྒོམ་གཏན་ནས་མེད"པ་བྱས་ཏེ་རྒྱ་ཆེའི་འགྲུལ་པ་རྣམས་བདེ་འཇགས་ངང་ཕྱིར་ཐོན་པ་དང་དུས་ཆེན་གཉིས་དགའ་གཏོང་བྱེད་པར་གཡས་སྲུང་གཡོན་སྐྱོར་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།