འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ངོ་མཚར་ཆེ་བའི"རྡོ་བཀོལ"

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་22ཉིན། 16:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ངོ་མཚར་ཆེ་བའི'རྡོ་བཀོལ'
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་ངོ་མཚར་ཆེ་བའི་འགྲན་བསྡུར་བྱེད་སྒོ་སྣ་ཚོགས་སྤེལ་ནས་ལོ་གསར་པར་གཡང་གསོལ་ཞུ་བ་རེད། "རྡོ་བཀོལ"("རྭ་ཅོར་རྡོ་འཕེན་པའི")སྤྲོ་བ་འཕེལ་བའི་འགྲན་བསྡུར་འདི་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཁྲོད་དུ་ཆེས་ཐུན་མོང་མ་ཡིན་པའི་རྣམ་གྲངས་ཤིག་ཏུ་གྱུར་པ་རེད། ཟླ་2ཚེས་19ཉིན་ནི་བོད་ཀྱི་ལོ་གསར་ཚེས་བཞི་ཡིན་ཞིང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་སྟོད་ཤང་གླིང་ལྔ་གྲོང་ཚོའི་ཚོ་ཆུང་བརྒྱད་པར"རྡོ་བཀོལ"འགྲན་བསྡུར་སྤེལ་བ་རེད། སྲོལ་རྒྱུན་གཞིར་བཟུང་ན་ཁྱིམ་ཚང་རེ་རེ་ཚང་མའི་སྐྱེས་པ་ཁྱིམ་བདག་ཚང་མ་འགྲན་བསྡུར་དེར་ཞུགས་དགོས་པ་དང་། སྨི་30ཡི་ཕྱིར་བཙུགས་པའི་རྭ་ཅོར་རྡོ་འཕེན་དགོས། རྡོ་འཕེན་ནས་རྭ་ཅོར་ཕོག་པའི་སྐྱེས་པར་གྲོང་ཚོའི་བུད་མེད་ཚོས་ཆང་ཕུལ་ནས་སང་ལོར་བྱ་བ་ཀུན་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།