འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་འཐེན་བཤེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་30ཉིན། 16:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར། མཚོ་སྔོན་གྱིས་ཁག་ཐེངས་517ལ་ཕྱེ་ནས་དུས་ཆེན་རིང་བྲིན་ཁ་རྒྱུག་པའི་གཙོ་གནད་བཟའ་བཅར་ཆེད་དོན་འཐེན་བཤེར་བྱས་པར། ཁག་ཐེངས་10ཡི་མ་དཔེ་ཚད་མ་ལོན་པ་དང་ཚད་ལོན་ཚད་98%ཟིན་ཡོད།
         མཚོ་སྔོན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཕྱོགས་བསྡུས་ཁྲུའི་ཁྲུའུ་ཀྲང་མཱ་གོ་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་འཐེན་བཤེར་ཁྱབ་ཁོངས་སུ་བཟའ་བཅའ་དང་། བཟའ་བཅའི་ཞིང་ཞོར་ཐོན་རྫས། འབྲུ་རིགས་དང་འབྲུ་རིགས་ཀྱི་བཟོས་རྫས། སྲན་བཟོས་བཟའ་བཅའ། ཟ་སྣུམ། ཞག་ཚིལ་དང་དེའི་བཟོས་རྫས། ཏན་ཞིམ། ཨ་རག་རིགས། ཤའི་བཟོས་རྫས། བྲོ་རྫས། བཏུང་བྱ། དཀར་ཆུའི་ཐོན་རྫས། བརྔོས་ཟས་དང་ཤུན་མཁྲེགས་ཤིང་ཏོག་བཅས་བཟའ་བཅའི་རིགས་13ཚུད་པའི་ཁྲོད་ཚད་མ་ལོན་པའི་མ་དཔེ་ཚང་མ་བཟའ་བཅའི་ཞིང་ཞོར་ཐོན་ཟོག་ཡིན་པ་དང་། དེའི་ཁྲོད་སྔོ་ཚལ་གྱི་ཞིང་སྨན་ལྷག་རོ་ཚད་ལས་བརྒལ་བ་ཁག་ཐེངས་6དང་། ཤིང་འབྲས་དང་ཞིང་སྨན་གྱི་ལྷག་རོ་ཚད་ལས་བརྒལ་ཁག་ཐེངས་3 ཚྭ་མེད་ཆུའི་ཉ་རིགས་ཀྱི་ཕུའུ་ནན་རིགས་ཀྱི་འབུད་ལེན་དངོས་པོ་ཚད་ལས་བརྒལ་བ་བཅས་ཁག་ཐེངས་1ཡོད་པ་རེད།
         “ཚད་མ་ལོན་པའི་བཟའ་བཅར་དམིགས་ཏེ། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཞིབ་བཤེར་ཐག་གཅོད་བྱེད་འགོ་ཚུགས་པ་དང་ཚད་མ་ལོན་པའི་བཟའ་བཅའ་རྣམས་འབེབས་པ་དང་། བཀག་སྡོམ་ཉར་ཚགས་བྱེད་པ། མེད་པར་བཟོ་བ་སོགས་ཀྱི་བྱ་ཐབས་སྤྱད་ཡོད། མཚོ་སྔོན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཚད་མ་ལོན་པའི་མ་དཔེར་གྲངས་གཞིའི་ཞིབ་དཔྱད་བྱེད་བཞིན་ཡོད་པ་མ་ཟད། འབྲེལ་ཡོད་ཁེ་ལས་དང་ཚོང་དུད་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱ་རྒྱུ་རེད”ཅེས་མཱ་གོ་ཝུའེ་ཡིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།