འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོར་དངོས་ཚན་དཔལ་འབྱོར་ཁེ་ལས་ཀྱི་མ་གནས་སྒོར་དུང་ཕྱུར་85ཉུང་དུ་
    གཏོང་རྒྱུའི་བརྩོན་ལེན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་30ཉིན། 16:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉིང་ཞ་དཔལ་འཕྲིན་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར། 2018ལོར་ཉིང་ཞ་ཡིས་མ་གནས་ཆུང་དུ་གཏོང་བའི་བྱ་ཐབས་གསར་པ་འདོན་རྒྱུ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཁག་དོན་འཁྱོལ་དང་ཕན་འབྲས་ལ་སྐུལ་འདེད་གཏོང་རྒྱུ་གལ་ཆེ་མཉམ་དུ་བཞག་ནས་དངོས་ཚན་དཔལ་འབྱོར་ཁེ་ལས་ཀྱི་མ་གནས་སྒོར་དུང་ཕྱུར་85ཆུང་དུ་གཏོང་རྒྱུ་དང་ཁེ་ལས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
         ཉིང་ཞ་དཔལ་འཕྲིན་ཨུ་ལྷན་གྱི་སྲིད་ཇུས་དང་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལུའུ་ཅི་ཀྲིས་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོའི་ལོ་འགོར་ཉིང་ཞ་ཡིས་《དངོས་ཚན་དཔལ་འབྱོར་ཁེ་ལས་ཀྱི་མ་གནས་ཆུང་དུ་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར་》བཏོན་ནས་ཁེ་ལས་ཀྱི་གློག་སྤྱོད་དང་མ་དངུལ་བསྡུ་སྒྲིལ། གླིང་ཁུལ་གྱི་མ་གནས་དམའ་བའི་བསྒྱུར་བཀོད་སོཌ་ཕྱོགས་6གི་མ་གནས་ཆུང་དུ་བཏང་སྟེ་ལོ་འཁོར་མོར་དངོས་ཚན་དཔལ་འབྱོར་ཁེ་ལས་ཀྱི་དཔལ་འབྱོར་ཁུར་པོ་སྒོར་དུང་ཕྱུར་85ཆུང་དུ་བཏང་བ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་8.6%དང་ཁེ་སྤོགས་22.3%འཕར་ཡོད་པ་རེད།
        ཉིང་ཞ་ཡིས་འདི་ལོ་གློག་བེད་སྤྱོད་དང་གླིང་ཁུལ་གྱི་མ་གནས་དམའ་བའི་བསྒྱུར་བཀོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་དངོས་ཚན་དཔལ་འབྱོར་ཁེ་ལས་ཀྱི་མ་གནས་ཆུང་དུ་གཏོང་རྒྱུ་རེད། ཁེ་ལས་ཀྱི་གློག་སྤྱོད་མ་གནས་ཆུང་དུ་བཏང་རྒྱུའི་ཐད་ལ་ཉིང་ཞ་ཡིས་གློག་ཤུགས་ཐད་ཀར་ཚོང་བའི་གཞི་ཁྱོན་རྒྱ་ཆེར་གཏོང་རྒྱུ་དང་སྔོན་རྩིས་བྱས་ན་2018ལོར་ཐད་ཀར་ཚོང་བའི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་380ཟིན་པ་བྱ་རྒྱུ་དེ་ལོ་གོང་མ་དང་བསྡུར་ན་ཆན་ཝ་ཆུ་ཚོད་དུང་ཕྱུར་120ཟིན་རྒྱུ་དེས་ལྗོངས་ཡོངས་ཀྱི་གློག་ཚོང་བསྡུར་ཚད་ཀྱི་50%བཟུང་བ་བྱ་རྒྱུ་རེད། གླིང་ཁུལ་གྱི་མ་གནས་ཆུང་བའི་བསྒྱུར་བཀོད་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཉིང་ཞ་ཡིས་ཆེད་འདོན་མ་དངུལ་སྒོར་དུང་ཕྱུར་3.6བཀོད་སྒྲིག་བྱས་ནས་གླིང་ཁུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལ་ཤུགས་སྣོན་རྒྱག་རྒྱུ་དང་གླིང་ཁུལ་གྱི་ཁེ་ལས་ཀྱི་ཕྱོགས་བསྡུས་མ་གནས་སླར་ཡང་10%ཆུང་དུ་གཏོང་རྒྱུའི་དམིགས་ཚད་མངོན་འགྱུར་དང་འབྲེལ། དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད་དང་། གཙོ་ཁྲིད་ཐོན་ལས་ཀྱིས་བཟུང་བའི་བསྡུར་ཚད། ས་ཆ་གསར་སྤེལ་དང་སྤྱོད་ཚད་སོགས་ཀྱི་ཐོག་ནས་གླིང་ཁུལ་ལ་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།