འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཟི་ལིང་གིས་ཕྱི་ནས་གླ་པར་ཡོང་མཁན་ལ“སྡོད་ཁང་བོགས་གཡར་གྱི་གཞིས་
    ཆགས”སྲིད་ཇུས་ལག་ལེན་བསྟར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་30ཉིན། 16:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་26ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད། ཟི་ལིང་གྲོང་ཁྱེར་གྱིས་ཕྱི་ནས་གླ་པར་ཡོང་མཁན་ལ་དམིགས་ནས“སྡོད་ཁང་བོགས་གཡར་གྱི་གཞིས་ཆགས”སྲིད་ཇུས་ལག་ལེན་བསྟར་བ་རེད།
         《ཟི་ལིང་གྲོང་ཁྱེར་གྱི་ཐེམ་ཐོ་སྤོ་འཇུག་སྲིད་ཇུས་ཀྱི་ལག་བསྟར་ཞིབ་སྲོལ་》གཞིར་བཟུང་། ཟི་ལིང་གྲོང་ཁྱེར་དུ་ཁང་པ་གཡར་ནས་སྡོད་པ་དང་། ཁང་ཁོངས་དོ་དམ་སྡེ་ཚན་དུ་བོགས་གཏོང་ཐོ་འགོད་འགྲོ་ལུགས་གཉེར་བའི་ཁང་པ་ཡིན་པ་དང་། ལོ་གཅིག་ལྷག་ཙམ་གྱི་ཁང་པ་བོགས་མར་ལེན་རྒྱུའི་གན་རྒྱ་བཞག་པ། སྤྱི་བདེ་ལས་ཁུངས་སུ་གཞིས་ཆགས་ཐོ་འགོད་ལོ་གཅིག་བྱེད་པའི་འགྲོ་ལུགས་གཉེར་བ་བཅས་མ་ཟད། རྒན་གསོའི་འགན་བཅོལ་དངུལ་ལོ་3ཡན་བསྟུད་མར་བསྐྱལ་བའི་ཕྱི་ནས་གླ་པར་ཡོང་མཁན་ཡིན་ཚེ་རང་ཉིད་དང་བཟའ་ཟླ། དེ་བཞིན་གཉེན་སྒྲིག་བྱས་མེད་པའི་བུ་ཕྲུག་དག་ཟི་ལིང་གྲོང་ཁྱེར་དུ་ཐེམ་ཐོ་འགོད་ཆོག་པ་རེད། ཟི་ལིང་གྲོང་ཁྱེར་སྲིད་འཛིན་མངའ་ཁོངས་ཀྱི་སྲིད་འཛིན་དང་ཁེ་ལས(ཁྲིམས་མིའི་ཐོབ་ཐང་ལྡན་པའི་ཁེ་ལས) བྱ་གཞག་སྡེ་ཚན་བཅས་ཀྱིས་གདན་ཞུས་བྱས་ནས་ལོ་1ཟིན་པ་མ་ཟད། རྒན་གསོའི་འགན་བཅོལ་དངུལ་ལོ་3ཡན་བསྐྱལ་བའི་ལས་མི་ཡིན་ཕྱིན་རང་ཉིད་ཀྱི་ཐེམ་ཐོ་མཉམ་སྡེབ་ཐེམ་ཐོར་བླུག་ཆོག་ལ། སྡོད་གནས་གཏན་འཇགས་ཡོད་ཚེ་རང་ཉིད་དང་བཟའ་ཟླ་དང་དེ་བཞིན་གཉེན་སྒྲིག་བྱས་མེད་པའི་བུ་ཕྲུག་དག་ཀྱང་ཟི་ལིང་གྲོང་ཁྱེར་དུ་ཐེམ་ཐོ་འགོད་ཆོག་པ་རེད།
         གཞན་ཡང་། ཟི་ལིང་གྲོང་ཁྱེར་གྱིས་ད་དུང་མཐོ་རིམ་ཤེས་ལྡན་མི་སྣ་དང་། ས་གནས་དེ་གར་མཁོ་ཆེ་བའི་ལག་རྩལ་བཟོ་པ། ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་པའི་སློབ་མ་སོགས་ལ་དམིགས་ནས་ཤེས་ལྡན་མི་སྣ་སོར་ཉར་བྱ་རྒྱུ་དམིགས་ཡུལ་དུ་བྱེད་པའི་གཞིས་ཆགས་སྲིད་ཇུས་གསར་པ་ལག་ལེན་བསྟར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།