འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་26ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་24ཉིན་གྱི་སྔ་དྲོ་ཆུ་ཚོད་10ཐོག སི་ཁྲོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་འགོ་ཚུགས་པའི་མཛད་སྒོ་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་པ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་ཡུན་ཉིན་6ཡིན་པ་དང་། གྲོས་རིམ་ཁྱོན་བསྡོམས་དོན་ཚན་8ཡོད་པ་རེད། སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པ་ནི་ལས་རིགས་34ལས་གྲུབ་པ་དང་། སྐབས་སྔོན་མ་དང་འདྲ་མཚུངས་རེད། ཨུ་ཡོན་865ཡི་ཁྲོད་དུ་ཀྲུང་གུང་ཏང་ཡོན་གྱི་ཨུ་ཡོན་339ཡོད་པ་དང་39.2%ཟིན་ཞིང་། ཏང་ཕྱིའི་མི་སྣའི་ཨུ་ཡོན་526ཡོད་པ་ལས60.8 %ཟིན་པ། བུད་མེད་ཨུ་ཡོན་199ཡོད་པའི་ནང་ལས་23%ཟིན་པ། གྲངས་ཉུང་མི་རིགས་ཀྱི་ཨུ་ཡོན་102ཡོད་པ་དང་11.8%ཟིན་པ་བཅས་རེད། ཏང་ཕྱི་ནང་གི་བསྡུར་ཚད་དང་། བུད་མེད་ཀྱི་བསྡུར་ཚད། གྲངས་ཉུང་མི་རིགས་ཀྱི་བསྡུར་ཚད་བཅས་ཚང་མ་ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱི་སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་པ་རེད།
    ༄༅།།སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་འགོ་བརྩམས་པ།
    ༄༅།།སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།