འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པས་ཧ་སག་
    སི་ཐན་ལ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་30ཉིན། 16:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་25ནས་ཚེས་28ཉིན་བར། ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལེང་རུང་གིས་སྣེ་ཁྲིད་པའི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པས་ཧ་སག་སི་ཐན་ལ་འཚམས་འདྲི་བྱས་ཏེ། “མེས་རྒྱལ་གྱི་འོད་ཟེར”ཏང་དང་། “འོད་ཟེར་ལམ་བུའི”ཏང་། གུང་ཁྲན་མི་དམངས་ཏང་བཅས་ཀྱི་འགོ་ཁྲིད་པ་དང་སོ་སོར་མཇལ་འཛོམས་གནང་ནས་ཧ་སག་སི་ཐན་གྱི་སྲིད་གཞུང་དང་། གྲོས་ཚོགས། སྲིད་ཏང་། ཇུས་འདོན་ཚོགས་པ། མཐོ་སློབ། སྨྱན་སྦྱོར་སོགས་ལས་རིགས་ཁག་གི་འཐུས་མི་180ལྷག་ལ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། དེ་བཞིན་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་གི་སྲིད་ཏང་དབར་རིམ་པ་མཐོ་བའི་སྐད་ཆ་ཤོད་རེས་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱི་དགོངས་དོན་ལ་གསལ་འགྲེལ་ཟབ་མོ་བྱས་པ་རེད།
         ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པའི་དོན་སྙིང་གལ་ཆེན་དང་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་བསྔགས་བརྗོད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཛམ་གླིང་གི་དོན་སྙིང་ལ་གདེང་འཇོག་མཐོན་པོ་བྱས་པ་དང་སྦྲགས་ཀྲུང་གུང་གི་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བཟང་པོ་དང་སྤེལ་རེས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཧ་སག་སི་ཐན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཚུལ་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།