འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་
    པོ་འཚོག་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་24ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཚོགས་འདུ་ཡུལ་དངོས།
    ཚོགས་འདུ་ཡུལ་དངོས།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་23ཉིན་གྱི་ཕྱི་དྲོར། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོག་འགོ་ཚུགས་པ་དང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         གསར་འགོད་པས་ཚོགས་འདུ་ཡུལ་དངོས་ནས་ཤེས་རྟོགས་བྱུང་གསལ་དུ། ཐེངས་འདིའི་གྲོས་ཚོགས་སུ་ཞུགས་དགོས་པའི་ཨུ་ཡོན་518ཡིན་ཞིང་། དངོས་སུ་འབྱོར་བའི་ཨུ་ཡོན་483ཡོད་པས། སྲིད་གྲོས་ཀྱི་《སྒྲིག་ཡིག་》ནང་གསལ་བའི་གཏན་འབེབས་ལ་མཐུན་པ་རེད།
         འགོ་ཚུགས་ཚོགས་ཆེན་དུ་ཁྱོན་བསྡོམས་གྲོས་རིམ་གཉིས་ཡོད་པ་སྟེ། གྲོས་རིམ་དང་པོ་ནི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་། གྲོས་རིམ་གཉིས་པ་ནི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་གསན་རྒྱུ་གཉིས་རེད།
         ཐེངས་འདིའི་ཚོགས་འདུ་འགོ་ཚུགས་པའི་མཛད་སྒོར་ལྷ་སར་བཅའ་སྡོད་བལ་པོ་གཞུང་ཚབ་དོན་གཅོད་ཁང་གི་གཞུང་ཚབ་ཕུ་ལུ་སུའུ་ཐ་མའོ•ཏུང་ཀེར་སོགས་གྲོས་ཚོགས་སུ་ཟུར་ཉན་གནང་བར་གདན་འདྲེན་ཞུས་པ་རེད།
    ཚོགས་འདུ་ཡུལ་དངོས་སུ་རྒྱལ་གླུ་ལེན་པ།
    ཚོགས་འདུ་ཡུལ་དངོས་སུ་རྒྱལ་གླུ་ལེན་པ།
    སྲིད་གྲོས་ཨུ་ཡོན་གྱིས་ཡིག་ཆར་ལྟ་བ།
    སྲིད་གྲོས་ཨུ་ཡོན་གྱིས་ཡིག་ཆར་ལྟ་བ།
    ཟུར་ཉན་སྐུ་མགྲོན།
    ཟུར་ཉན་སྐུ་མགྲོན།
      

    ཕྱོགས་བསྡུས་གསར་འགྱུར།