འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོ་ལན་གྱིས་ཨའོ་སི་ཝུའེ་ཤིང་གཅིག་སྡུད་བཙོན་རར་བཅིངས་འགྲོལ་ཐོབ་ནས་ལོ་73འཁོར་
    བར་དྲན་གསོ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་30ཉིན། 16:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་27ཉིན། ཕོ་ལན་སྲིད་གཞུང་གིས་ལྷོ་རྒྱུད་ཀྱི་གྲོང་རྡལ་ཆུང་ངུ་ཨའོ་སི་ཝུའེ་ཤིང་དུ་ན་ཙིར་གྱི་གཅིག་སྡུད་བཙོན་ར་བཅིངས་འགྲོལ་བཏང་ནས་ལོ་73འཁོར་བའི་དྲན་གསོའི་བྱེད་སྒོ་སྤེལ་ཞིང་། ཕོ་ལན་གྱི་ཙུང་ལི་མོའོ་ལ་ཝུའེ་ཚི་ཆི་དང་། ཙུང་ལི་གཞོན་པ་ཤིས་ཏེ་ཨོ། ཕོ་ལན་དུ་བཅའ་སྡོད་དབྱི་སི་རལ་དང་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་སོགས་ཕེབས་ཡོད་པ་རེད།
         མོའོ་ལ་ཝུའེ་ཚི་ཆི་ཡིས་དེ་ཉིན་གསུང་བཤད་གནང་སྐབས། དེ་སྔ་ཨའོ་སི་ཝུའེ་ཤིང་གཅིག་སྡུད་བཙོན་རར་བཅུག་པའི་མི་རྣམས་ལ་རང་ཉིད་ཀྱི་མིང་མེད་པར་འགྱུར་བ་དང་ཚེ་སྲོག་ཀྱང་ཤོར་ནས་བཞག་པ་ནི་ལུས་པོའི་ཐོག་གཅིག་སྡུད་བཙོན་རའི་ཨང་རྟགས་ཀྱི་ཁབ་གཙགས་ལས་གཞན་མེད། “ཨའོ་སི་ཝུའེ་ཤིང(གཅིག་སྡུད་བཙོན་རའི)གི་ས་ཆ་འདིར་སྡིག་ཅན་ཚོའི་གདོང་རིས་ངན་ཤོས་དེ་མངོན་ཡོད། སྐབས་དེ་དུས་འདི་གར་འགྲོ་བ་མིའི་ཐོབ་ཐང་མེད་ལ་ཐ་ན་ཐ་སྙད་དེའང་མེད”ཅེས་གསུངས།
         ཨའོ་སི་ཝུའེ་ཤིང་གཅིག་སྡུད་བཙོན་ར་ནས་སྟེས་དབང་དུ་སྲོག་ཉེན་ལས་ཐར་བའི་པུའུ་ལུའོ་ཉི་སེ་ཝ·ཁ་ལ་ཁུའར་སི་ཁ་ཡིས་དྲན་གསོའི་བྱེད་སྒོའི་ཐོག་རང་ཉིད་ཨའོ་སི་ཝུའེ་ཤིང་གཅིག་སྡུད་བཙོན་རར་སྡོད་སྐབས་ཀྱི་མྱོང་བ་གླེང་ཞིང་། ཁོང་གིས་དེ་སྔ་རང་ཉིད་ཞུན་ཐབ་ནང་ཐེངས་གཉིས་བླུགས་གྲབས་བྱེད་མྱོང་ཡོད། ཐེངས་དང་པོར་ངས་གཅིག་སྡུད་བཙོན་རར་མ་བཙུད་གོང་འཁྱུར་མིད་བཏང་བའི་ཕ་ལམ་གྱིས་ལྟ་སྲུང་བ་བསླུས་པས་སྲོག་ཉེན་ལས་ཐར་ཙམ་བྱུང་། ཐེངས་གཉིས་པར་ངས་སོལ་ཐབ་ནང་ཆུ་ཚོད་གཉིས་ཡིབ་ནས་བསྡད་པས་སྲོག་ཉེན་ལས་ཐར་ཙམ་བྱུང་ཞེས་བཤད།
         ན་ཙིར་འཇར་མན་གྱིས་1940ལོར་ཕོ་ལན་དུ་ཨའོ་སི་ཝུའེ་ཤིང་གཅིག་སྡུད་བཙོན་ར་བརྒྱབ་པ་དང་དེ་ནི་ན་ཙིར་འཇར་མན་གྱིས་ཕོ་ལན་གྱི་མངའ་ཁོངས་སུ་བརྒྱབ་པའི་གཅིག་སྡུད་བཙོན་ར་ཆེ་ཤོས་དེ་ཡིན་ཞིང་། དེའི་ནང་ཕོ་ལན་བ་ཚུད་པའི་རྒྱལ་ཁབ་མང་པོའི་མི་སྣ་བཅུག་ཡོད་པ་དང་ལྷག་པར་དུ་ཡ་གུ་དཱ་པ་ཧ་ཅང་མང་པོ་ཡོད། གྲངས་གཞི་ལས་མངོན་པར་ན་ཙིར་འཇར་མན་གྱིས་ཨའོ་སི་ཝུའེ་ཤིང་གཅིག་སྡུད་བཙོན་རར་ཉུང་མཐར་ཡང་མི་ཁྲི་110དམར་གསོད་བཏང་ཡོད། 1945ལོའི་ཟླ་1ཚེས་27ཉིན་སུའུ་ལན་དམར་དམག་གིས་ཨའོ་སི་ཝུའེ་ཤིང་གཅིག་སྡུད་བཙོན་རར་བཅིངས་འགྲོལ་བཏང་བ་རེད།
         2005ལོའི་ཟླ་11ཚེས་1ཉིན་སྐབས་60པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་རྒྱལ་ཁབ་104ཡིས་ཐུན་མོང་ཐོག་བསྐྱལ་བའི་གྲོས་ཆོད་ཀྱི་འཆར་ཟིན་ལ་ཚང་མས་གྲོས་འཆམ་བྱུང་ནས་ལོ་རེའི་ཟླ་1ཚེས་27ཉིན་ནི“རྒྱལ་སྤྱིའི་དམར་གསོད་ཆེ་མོའི་དྲན་གསོའི་ཉིན་མོ”ཡིན་པའི་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།