འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ས་གཤིས་ལས་དོན་ལ་མཚོ་བོད་ས་མཐོའི་ས་གཤིས་རིག་པའི་ཞིབ་འཇུག་སོགས་
    རྒྱལ་སྤྱིའི་ཚན་རིག་གི་འཆར་གཞི་ཆེན་པོ་གསུམ་ལག་བསྟར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་30ཉིན། 16:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་28ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱིས་རྫས་འགྱུར་གོ་ལ་དང་གོ་ལ་ཧྲིལ་པོའི་བྲག་ཞུན་སྒུལ་ཤུགས་མ་ལག་ཐོན་ཁུངས་ཁོར་ཡུག་གི་ཕན་འབྲས་ཀྱི་རྒྱལ་སྤྱིའི་ཚན་རིག་གི་འཆར་གཞི་ཆེན་པོ་གཉིས་སྒྲིག་འཛུགས་ལག་བསྟར་བྱ་རྒྱུ་དང་འབྲེལ། མཚོ་བོད་ས་མཐོའི་ས་གཤིས་རིག་པའི་ཞིབ་འཇུག་གི་རྒྱལ་སྤྱིའི་ཚན་རིག་གི་འཆར་གཞི་ཆེན་པོ་ལག་བསྟར་བྱས་ཏེ། རང་རྒྱལ་གྱིས་འཛམ་གླིང་ས་གཤིས་བརྟག་དཔྱད་ལས་དོན་ལ་སྣེ་ཁྲིད་བྱེད་མཁན་དུ་འགྱུར་བའི་དམིགས་ཚད་ཕྱོགས་སུ་གོམ་པ་བརྟན་པོ་སྤོ་རྒྱུ་རེད།
         ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཡན་གྱིས་ཚེས་23ཉིན་རྒྱལ་ཡོངས་ས་གཤིས་བརྟག་དཔྱད་ལས་དོན་ཚོགས་འདུའི་ཐོག་མིག་སྔར་རང་རྒྱལ་གྱི་ས་གཤིས་ཚན་རྩལ་གསར་གཏོད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་གོམ་པ་བརྟན་པོ་སྤོས་པ་མ་ཟད། ས་གཤིས་ཚན་རྩལ་གསར་གཏོད་ཀྱི་སྤྱིའི་བཀོད་སྒྲིག་ལེགས་སྒྲུབ་བྱས་ཤིང་། ཀྲུང་གོའི་ས་གཤིས་བརྟག་དཔྱད་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་ཚན་རྩལ་གསར་གཏོད་ཀྱི་འཆར་གཞི་དང་། ཚན་རྩལ་ཁྱབ་གདལ་འཆར་གཞི། ཆ་འཕྲིན་ཅན་འཛུགས་སྐྱོང་གི་འཆར་གཞི་ཆེན་པོ་གསུམ་བཟོས་པ་དང་འབྲེལ། འཛམ་གླིང་གི་ས་གཤིས་བརྟག་དཔྱད་ཅུས་གསར་པ་རྩེ་གྲ་མགྱོགས་མྱུར་བསྐྲུན་རྒྱུའི་དམིགས་ཚད་ཁ་གསལ་བཟོས་ཡོད། རྒྱལ་སྤྱིའི་ས་གཤིས་ཚན་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཀྲུང་གོར་གནས་སྤོ་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་། ཚན་རིག རིག་གནས་བཅས་རྩ་འཛུགས་ཀྱི་གོ་ལ་ཧྲིལ་པོའི་ཚད་འཇལ་རྫས་འགྱུར་གོ་ལའི་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཀྲུང་གོར་བཙུགས་པ། བྲག་ཞུན་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཀྱི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་གྲོས་མཐུན་ལ་མུ་མཐུད་མིང་རྟགས་བཀོད་པ། རྒྱལ་སྤྱིའི་ཚན་རིག་འཆར་གཞི་ཆེ་གྲས་གཉིས་ཏེ“རྫས་འགྱུར་གོ་ལ”དང“གོ་ལ་ཧྲིལ་པོའི་བྲག་ཞུན་སྒུལ་ཤུགས་མ་ལག་ཐོན་ཁུངས་ཁོར་ཡུག་གི་ཕན་འབྲས”ལག་བསྟར་བཅས་བྱས་པ་རེད། རང་རྒྱལ་གྱིས་མུ་མཐུད་རྒྱལ་སྤྱིའི་ཚན་རིག་གི་འཆར་གཞི་ཆེན་པོ་དེ་གཉིས་ལ་སྐུལ་འདེད་གཏོང་རྒྱུ་དང་ཆབས་ཅིག“མཚོ་བོད་ས་མཐོའི་ས་གཤིས་རིག་པའི་ཞིབ་འཇུག”གི་རྒྱལ་སྤྱིའི་ཚན་རིག་གི་འཆར་གཞི་ཆེན་པོ་ལག་བསྟར་བྱ་རྒྱུ་དང་འབྲེལ། མཚོ་བོད་ས་མཐོའི་གོ་ལའི་ཚན་རིག་གནད་དོན་གལ་ཆེན་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོག་རྒྱུ་རེད་ཅེས་གསུངས་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།