འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་དམངས་ཁྲོད་ཀྱི་རིག་གནས་དང་ལུས་རྩལ་བྱེད་སྒོ་ལས་དམངས་ཡོངས་ལུས་སྦྱོང་
    གི་ཚ་རླབས་འཕྱུར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་30ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་26ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གིས་རིག་གནས་གཤམ་སྤེལ་ཏེ་འདན་མ་གྲོང་རྡལ་གྱི“མཛེས་སྡུག་ལྡན་པའི་གྲོང་གསེབ་བུམ་པའི”དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ཆེ་མོ་སྐབས་དང་པོ་མཚོ་སྔོན་ཞིང་ཆེན་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་འདན་མ་གྲོང་རྡལ་དུ་སྤེལ་འགོ་ཚུགས་པ་རེད། ཐེངས་འདིའི་འགྲན་བསྡུར་ལ་ཐེ་པེད་དང་། སྐོར་འཕང་། ཐག་མཆོང་སོགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་རྩལ་འགྲན་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་པ་དང་། འདན་མ་གྲོང་རྡལ་གྱི་གྲོང་ཚོ་17གྱི་མང་ཚོགས་སྟོང་ཕྲག་ལྷག་ཙམ་འགྲན་བསྡུར་ལ་ཞུགས་ཡོད།
         ཉིན་དེར་འདན་མ་གྲོང་རྡལ་གྱི་ལྟེ་བའི་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། དགུན་ཨ་རང་ད་རང་ལའང་མང་ཚོགས་ཀྱི་བྱེད་སྒོར་ཞུགས་པའི་སྤྲོ་སེམས་ཆག་མེད། ཧོར་རིགས་དང་བོད་རིགས་མང་ཚོགས་མང་པོས་མི་རིགས་ཀྱི་རྒྱན་གོས་སྤྲས་ཏེ་འགྲན་བསྡུར་ལ་ཞུགས་པའམ་ཡང་ན་ཟུར་དུ་ཤུགས་རྒྱོབ་ཤུགས་རྒྱོབ་ཅེས་ངར་སློང་བཞིན་པས་རྣམ་པ་ཧ་ཅང་འཁྲུག་ཆ་དོད།
         “176 177 178 དུས་ཚོད་ཟིན་སོང”ཞེས་ཤན་འབྱེད་པས་མཚམས་འཇོག་དགོས་པའི་ཤུ་བརྒྱབ་པ་དང་སྦྲགས་བྱ་སྒྲོའི་ཐེ་པེད་སུའོ་ཧྲེང་ཡན་གྱི་ལག་ཏུ་ལྷུངས།
         སུའོ་ཧྲེང་ཡན་ནི་སོའོ་པོ་གྲོང་ཚོ་ནས་ཡིན་པ་དང་ལོ་12ལ་སོན་པའི་ཁོ་མོ་ནི་ཐེ་པེད་འགྲན་བསྡུར་ལ་ཞུགས་མཁན་བདམས་ཐོན་པ་ལོ་ན་ཆུང་ཤོས་རེད། ལོ་ན་ཆུང་རུང་གྲུབ་འབྲས་དར་མ་ལས་སྐྱོ་བ་མེད། “དེ་རིང་གི་གྲུབ་འབྲས་དེར་ང་རང་ཧ་ཅང་བློ་ཡིད་ཚིམས་པོ་བྱུང་། དུས་རྒྱུན་མང་ཤོས་ལའང་150ལྷག་ཙམ་ལས་རྒྱག་ཐུབ་ཀྱི་མེད། དེ་རིང་178རྒྱག་ཐུབ་སོང”ཞེས་སུའོ་ཧྲེང་ཡན་གྱིས་དགའ་ཚོར་ངང་བཤད།
         ད་ཕན་ལོ་ཤས་རིང་། སུའོ་ཧྲེང་ཡན་དང་འདྲ་བར་ཡུལ་དེའི་གཞོན་ནུ་ལོ་ཆུང་མང་པོས་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་ལ་ཧུར་ཐག་ཞུགས་ཀྱི་ཡོད། དེ་ཡང་འདན་མ་གྲོང་རྡལ་གྱི་དམངས་ཁྲོད་ལུས་རྩལ་གྱི་རྣམ་པ་བཟང་པོ་དང་ཡུལ་དེའི་སྲིད་གཞུང་གིས་ཁྱབ་གདལ་དང་གྲ་སྒྲིག་ཧུར་ཐག་བྱས་པ་ལས་བྱུང་བ་རེད།
         མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གི་ཀོན་ཀྲང་གཞོན་པ་ཚུའེ་ཅུན་ཅེ་ཡིས“འདན་མ་གྲོང་རྡལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ་རིག་གནས་གྲོང་དར་གྱི་ཐབས་ཇུས་བཏོན་པ་དང་། གཞི་རིམ་གྱི་སྡེ་ཚན་ཁག་གི་གཞོགས་འདེགས་ཧུར་ཐག་བྱས་ནས་ཡུལ་དེའི་ཁྱད་ལྡན་གྱི་རིག་གནས་བྱེད་སྒོ་རྒྱུན་ཆད་མེད་པར་བཏོད་ཡོད། མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གིས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་མང་ཚོགས་ཀྱི་རིག་གནས་དང་ལུས་རྩལ་བྱེད་སྒོར་ཞུགས་པའི་སྤྲོ་སེམས་བསྐྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
         འདན་མ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཀྲི་ཞང་གིས་འདན་མ་གྲོང་རྡལ་གྱིས་བྱེད་སྒོ་འདི་སྤེལ་ནས་ཡུལ་དེའི་མི་སེར་ཚོར་ལུས་སྦྱོང་བྱེད་པའི་བདེ་ཐང་གི་འདུ་ཤེས་འཇགས་རོགས་བྱེད་པ་ཕུད། ཚང་མར་སྤེལ་རེས་དང་འབྲེལ་འདྲིས་ཀྱི་ལས་སྟེགས་ཤིག་མཁོ་འདོན་བྱས་ཏེ་འཆར་ལ་ཉེ་བའི་དཔྱིད་གསར་དུས་ཆེན་ལ་མཉམ་འཛོམས་དང་རྟེན་འབྲེལ་གྱི་རྣམ་པ་ཞིག་གཏོད་ཆེད་ཡིན་ཞེས་བཤད།
         གྲོང་མི་སུའུ་ཡུང་ཧྭ་ཡིས་དུས་རྒྱུན་ཕྱིར་གླ་པར་འགྲོ་དགོས་པས་དཔྱིད་གསར་དུས་ཆེན་སྐབས་གཞི་ནས་ནང་མི་དང་མཉམ་འཛོམས་བྱེད་ཐུབ། “ང་ཁ་ས་ཁྱིམ་དུ་འབྱོར་ཙམ་ཡིན། གྲོང་རྡལ་གྱིས་འགྲན་བསྡུར་འདི་རིགས་སྤེལ་བ་ཐོས་སྐབས་ལམ་སེང་ལོ་8ལ་སོན་པའི་བུ་མོ་ཁྲིད་དེ་ལྟ་བར་ཡོང་བ་ཡིན། ཕྲུ་གུས་ཆུང་དུས་ནས་རང་ཡུལ་འདིའི་དམངས་ཁྲོད་རིག་གནས་དང་ལུས་རྩལ་བྱེད་སྒོར་རྒྱུས་ལོན་དང་དེར་ཞུགས་རྒྱུའི་རེ་བ་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།