འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་སྐྱེ་དངོས་བསྐྱར་སྐྱེའི་ཚེ་སྲོག་འགན་ལེན་མ་ལག་ནང་བསྟུད་མར་སྡོད་ཐུབ་
    པའི་འཛམ་གླིང་གི་ཟིན་ཐོ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་28ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་26ཉིན། “ཟླ་བའི་ཕོ་བྲང་365”ཚོད་ལྟའི་ལས་རེས་བརྗེ་བའི་མཛད་སྒོ་པེ་ཅིང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་གྱི“ཟླ་བའི་ཕོ་བྲང་ཨང་དང་པོའི”ཚོད་ལྟ་ཁང་དུ་འཚོགས་པ་དང་། སློབ་ཆེན་སློབ་མ་4ན་ནིང་ཟླ་7ཚེས་9ཉིན་ལས་རེས་བརྗེས་ཏེ་ཁ་ཟུམ་ཚང་སྦུག་ནང་འཛུལ་ནས་ད་བར་བསྟུད་མར་ཉིན་200བསྡད་པས་ཨུ་རུ་སུའི་ཚན་ཞིབ་མི་སྣས་སྐྱེ་དངོས་བསྐྱར་སྐྱེའི་ཚེ་སྲོག་འགན་ལེན་མ་ལག་ནང་བསྟུད་མར་ཉིན་180བསྡད་པའི་འཛམ་གླིང་གི་ཟིན་ཐོ་བཏོད་པ་རེད། “ཟླ་བའི་ཕོ་བྲང་ཨང་དང་པོར”སྤྱད་པའི་སྐྱེ་དངོས་བསྐྱར་སྐྱེའི་ཚེ་སྲོག་འགན་ལེན་ལག་རྩལ་ནི་མིའི་རིགས་དུས་ཡུན་རིང་པོ་སའི་གོ་ལའི་ཕྱི་རོལ་དུ་རང་བརྟེན་འཚོ་གནས་ཐུབ་རྒྱུ་མངོན་འགྱུར་ཡོང་བའི་འགག་རྩ་ཡིན། “ཟླ་བའི་ཕོ་བྲང་365”ཚོད་ལྟ་2017ལོའི་ཟླ་5ཚེས་10ཉིན་འགོ་ཚུགས་པ་དང་འདི་ལོའི་ཟླ་5ཚེས་10ཉིན་མཇུག་འགྲིལ་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།