འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་མཚོ་སྔོན་གྱི་GDP7.3%འཕར་བ་དང་CPIའཕར་ཚད་ལོ་བཅུ་
    གཉིས་རིང་དམའ་ཤོས་གཏོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་28ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་འཚོག་པའི་མཚོ་སྔོན་ཞིང་ཆེན་གྱི་ཚོགས་འདུ་གཉིས་ཀྱི་ཐོག་ནས་གསར་འགོད་པར་ཤེས་རྟོཌ་བྱུང་བར་ལྟར་ན། 2017ལོར་མཚོ་སྔོན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར་2642.8ཟིན་ནས་7.3%འཕར་བ་དང་། གྲོང་མིའི་འཛད་སྤྱོད་རིན་ཐང(CPI)འཕར་ཚད་1.5%ཡི་ནང་ཚོད་འཛིན་ཐུབ་ནས་ཉེ་བའི་ལོ་བཅུ་གཉིས་རིང་དམའ་ཤོས་གཏོད་པ་རེད།
         མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ཝང་ཅན་ཅུན་གྱིས་མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ཏེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང“གསུམ་དོར་གཅིག་གཅོག་གཅིག་གསབ”ལ་སྐུལ་མ་ཟམ་མི་ཆད་པར་བཏང་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་ཕན་འབྲས་ཐོན་པ་བྱས་ཏེ། 2018ལོར་སྔོན་དཔག་བྱས་ན་GDP 7%ཡས་མས་འཕར་བ་བྱ་རྒྱུ་དང་། གྲོང་མི་ཡོངས་ཀྱི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་9%འཕར་བ། CPIའཕར་ཚད་3%ནང་ཚོད་འཛིན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།