འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་
    པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་28ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་
པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་26ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་པ་རེད།
         ད་ཐེངས་ཀྱི་ཚོགས་འདུར་འཐུས་མི་439ཕེབས་དགོས་པ་དང་དངོས་སུ་འཐུས་མི་405ཕེབས་ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
         ཝུའུ་དབྱིང་ཅེ་དང་། པད་མ་འཕྲིན་ལས། ཆེ་དགྲ་ལྷ། ཝང་གཡུང་ཅུན། ཙེང་དབན་མིང་། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཚོགས་འདུར་ཕེབས་པ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར། བློ་བཟང་རྒྱལ་མཚན་གྱིས་ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ་རེད།
         ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ལག་བསྟར་ཀྲུའུ་ཞི་ཞུས་ཡུང་དང་། ནོར་བུ་དོན་གྲུབ། ཅང་ཅེ། དེ་བཞིན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ལག་བསྟར་ཀྲུའུ་ཞི་བཅས་ཀྲུའུ་ཞི་སྡིངས་ཆའི་སྟར་པ་མདུན་གྲལ་དུ་བཞུགས་ཡོད་པ་རེད། ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ལག་བསྟར་ཀྲུའུ་ཞི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རྡོ་ཐོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།  
         བློ་བཟང་རྒྱལ་མཚན་གྱིས་སྙན་སྒྲོན་གནང་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་གསར་བསྒྱུར་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། འདས་ཟིན་པའི་ལོ་ལྔའི་རིང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། བཅུ་དགུ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་པ། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱི་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱས་པ། ལྗོངས་ཡོངས་ཀྱི་ལས་དོན་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ། འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་བཅས་ཀྱིས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བསྟན་གནང་བ་རེད།
         བློ་བཟང་རྒྱལ་མཚན་གྱིས་ཕྱོགས་བརྒྱད་ནས་འདས་པའི་ལོ་ལྔའི་ལས་དོན་ཕྱིར་དྲན་གནང་བ་སྟེ། གཅིག་ནས་དར་ཆ་མཐོན་པོར་བསྒྲེངས་བ་དང་ཁ་ཕྱོགས་བརྟན་དུ་བཏང་བས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་གསུམ་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་ཐུབ་པ་དང་། གཉིས་ནས་ཁྱད་ཆོས་མངོན་པར་བྱས་པ་དང་སྤུས་ཚད་མཐོ་རུ་བཏང་བས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། གསུམ་ནས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་གཙོ་གནད་འབུར་དུ་ཐོན་པར་བྱས་པས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ཕན་འབྲས་དངོས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། བཞི་ནས་ཁྲིམས་ལྟར་ཚད་ལྡན་དུ་བཏང་བ་དང་དམངས་གཙོས་ཐབས་ཇུས་བཀོད་པས་ཐག་གཅོད་བྱེད་དབང་དང་བསྐོ་འཐེན་བྱེད་དབང་ལག་བསྟར་གནས་ཚུལ་ཏན་ཏིག་གོ་རིམ་ལྡན་པ་ཞིག་བྱུང་བ། ལྔ་ནས་ཞབས་ཞུར་སྣང་ཆེན་དང་འབྲེལ་བ་དམ་ཟབ་བྱས་པས་འཐུས་མིའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱུང་བ། དྲུག་ནས་མཛུབ་སྟོན་ལ་ཤུགས་སྣོན་བརྒྱབ་པ་དང་ཁྲིམས་ལྟར་ལག་ལེན་བསྟར་བས་སྐབས་བརྗེ་འདེམས་བསྐོའི་ལས་དོན་སྤྱོད་གཙང་གཞུང་དྲང་བྱུང་བ། བདུན་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་གྲོགས་པོ་རྒྱ་ཁྱབ་ཏུ་བསྒྲིགས་པས་རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་ཞབས་འདེགས་ཞུས་པར་གྲུབ་འབྲས་ཆེན་པོ་ཐོབ་པ། བརྒྱད་ནས་བྱང་ཚད་མཐོ་རུ་བཏང་བ་དང་འཇོན་ཐང་ཆེ་རུ་བཏང་བས་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་སོང་ཡོད།
         བློ་བཟང་རྒྱལ་མཚན་གྱིས་སྐབས་འདིའི་མི་དམངས་འཐུས་ཚོགས་ཀྱི་འགན་འཁུར་ཡུན་རིང་། གཞིས་རྩེ་དང་། ཆབ་མདོ། ཉིང་ཁྲི། ལྷོ་ཁ་བཅས་ཀྱིས་ས་ཁུལ་གྲོང་ཁྱེར་དུ་སྒྱུར་བའི་ལས་དོན་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་པར་བསྒྲུབས་པ་དང་། རང་ལྗོངས་ཀྱི་གྲོང་ཁྱེར་རིམ་པའི་ས་གནས་ཀྱི་རྒྱལ་ཁབ་དབང་ཆའི་ལས་ཁུངས་5བར་མང་དུ་བཏང་བ། གསར་དུ་བཙུགས་པའི་ཆུས་ཀྱི་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཁག་བརྟན་པོའི་ངང་འཕེལ་རྒྱས་སོང་བ། ནག་ཆུའི་ས་ཁུལ་གྲོང་ཁྱེར་དུ་སྒྱུར་བའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་བཅས་ལས་རང་ལྗོངས་ཀྱི་ས་གནས་སྲིད་དབང་འཛུགས་སྐྱོང་ལ་མཆོང་སྐྱོད་གསར་པ་བྱུང་ཡོད། གྲུབ་འབྲས་དེ་ལྟར་ཐོབ་དོན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་སྟངས་འཛིན་གནང་བ་ལས་བྱུང་བ་ཞིག་རེད། དེ་ནི་ལྗོངས་ཏང་ཨུད་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགྲུབ་བྱའི་ཁོངས་མི། ཆེད་དོན་ཨུ་ཡོན་ལྷན་ཁང་དང་། ལས་དོན་ཨུ་ཡོན་ལྷན་ཁང་། དེ་བཞིན་རིམ་ཁག་མི་དམངས་འཐུས་ཚོགས་ཁག་གི་ལས་དོན་མི་སྣ་བཅས་ཀྱིས་ཐུན་མོང་འབད་བརྩོན་གནང་བ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། མཐོ་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་མཐུན་སྦྱོར་གཞོགས་འདེགས་གནང་བ་བཅས་ལས་བྱུང་བའི་གྲུབ་འབྲས་ཤིག་རེད་ཅེས་གསུངས།
         བློ་བཟང་རྒྱལ་མཚན་གྱིས་སྐབས་གསར་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་འཁུར་ཡུན་གྱི་ལོ་ལྔ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང“ལོ་བརྒྱ་གཉིས་ཀྱི”འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་གནས་ཡོད། སླད་ཕྱིན་ལོ་ལྔའི་ལས་དོན་གྱི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པ”སོགས་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱི་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ཕྱོགས་ཡོངས་ནས་འཁུར་བ། ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ཁྲིམས་ལྟར་འགན་དབང་སྤྱོད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་གནང་བ་རེད།
         བློ་བཟང་རྒྱལ་མཚན་གྱིས་སྤྱིའི་བླང་བྱ་ལག་བསྟར་བྱེད་པར་ངེས་པར་དུ་གཤམ་གསལ་ཕྱོགས་བཞི་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས་ཞེས་ནན་བཤད་གནང་བ་སྟེ། “སྲོག་ཤིང་གཅིག”ལ་བློ་བརྟན་འགྱུར་མེད་ངང་ལྷག་བསམ་རྣམ་དག་བྱས་ཏེ་མི་དམངས་འཐུས་ཚོགས་ལས་དོན་གྱི་ཆབ་སྲིད་ཁ་ཕྱོགས་ཡང་དག་ཁོང་དུ་བརྟན་པོར་ཆུད་པ་དང་། “འགལ་བ་གཉིས”ལ་གཞི་ཏན་ཏིག་བཙུགས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་འགན་ནུས་ཀྱི་ངེས་གནས་གསར་པ་ཁོང་དུ་བརྟན་པོར་ཆུད་པ། “འགན་དབང་བཞི”ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཁོང་དུ་བརྟན་པོར་ཆུད། “ཉམས་སད་ཐེག་པ་ལྔ”ཐོག་མཐའ་བར་གསུམ་དུ་བྱས་ཏེ་དུས་རབས་གསར་པས་ལས་འགན་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་དགོས་པའི་བླང་བྱ་གསར་པ་བཏོན་པ་ཁོང་དུ་བརྟན་པོར་ཆུད་པ་བཅས་བྱེད་དགོས།
         འདི་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བློ་བཟང་རྒྱལ་མཚན་གྱིས་ཕྱོགས་བདུན་གྱི་གྲོས་འགོ་བཏོན་པ་སྟེ། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། གཉིས་ནས་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད། གསུམ་ནས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དོ་དམ་ལས་དོན་ལ་ཤུགས་སྣོན། བཞི་ནས་དོན་ཚན་གལ་ཆེན་སྐོར་གྱི་ཐག་གཅོད་དང་བསྐོ་འཐེན་ལས་དོན་སྒྲུབ་པ། ལྔ་ནས་འཐུས་མིས་ལས་འགན་བསྒྲུབ་རྒྱུར་ཞབས་ཞུ་དང་འགན་ལེན། དྲུག་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་། བདུན་ནས་རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།