འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲུང་ཁྲུང་སྐེ་ནག་ས་མཐོར་དགུན་དུས་སྐྱེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཁྲུང་ཁྲུང་སྐེ་ནག་ས་མཐོར་དགུན་དུས་སྐྱེལ་བ།
         མི་དམངས་དྲ་བའི་འཕྲིན། ལོ་ལྟར་དགུན་དུས་སུ། ཁྲུང་ཁྲུང་སྐེ་ནག་འབོར་ཆེན་ཞིག་བོད་བྱང་ཐང་ས་མཐོ་ནས་བོད་ལྗོངས་གཞིས་རྩེའི་མྱང་ཆུ་འབབ་རྒྱུད་དུ་དགུན་དུས་སྐྱེལ་བར་ཡོང་ཞིང་། དེ་དག་གིས་ལུང་གཤོང་དང་། ཞིང་ཁ། འདམ་གཞོང་དུ་ཟས་འཚོལ་བཞིན་རྩེད་འཇོར་རོལ་ནས། དགུན་དུས་ཀྱི་ཉི་འོད་ལོངས་སུ་སྤྱོད།
         ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་གི་སྲོག་ཆགས་རེད། བོད་ལྗོངས་ནི་འཛམ་གླིང་ཐོག་ཁྲུང་ཁྲུང་སྐེ་ནག་གིས་དགུན་སྐྱེལ་ཡུལ་དང་རྒྱུད་སྤེལ་བྱེད་ཡུལ་ཆེ་ཤོས་ཡིན་པ་རེད། ལོ་ལྟར་ཟླ་10པའི་ཟླ་དཀྱིལ་ནས་བཟུང་། ཁྲུང་ཁྲུང་སྐེ་ནག་དེ་དག་ལེ་དབར་སྟོང་ཕྲག་ལྷག་ནས་བོད་ལྫོངས་ཀྱི་ཡར་ཀླུང་གཙང་པོ་དང་། ལྷ་སའི་སྐྱིད་ཆུ། མྱང་ཆུའི་འབབ་རྒྱུད་བཅས་སུ་དགུན་སྐྱེལ་བཞིན་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།ཁྲུང་ཁྲུང་སྐེ་ནག་ས་མཐོར་དགུན་དུས་སྐྱེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།