འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མི་གྲངས་དུང་ཕྱུར་10.88ལ་སྤྱི་ཚོགས་འགན་སྲུང་གཱ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་28ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མི་སྤྱི་པུའི་གསར་འགྱུར་མགྲིན་ཚབ་པ་ལུའུ་ཨའེ་ཧུང་གིས་ཚེས་26ཉིན་2017ལོར་རང་རྒྱལ་གྱི་སྤྱི་ཚོགས་འགན་བཅོལ་ཁྱབ་ཚད་སྔར་བས་རྒྱ་ཆེར་ཕྱིན་ཡོད་ཅེས་བཤད་པ་རེད། 2017ལོའི་ལོ་མཇུག་བར་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའི་འགན་བཅོལ་བཅས་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་9.15དང་། དུང་ཕྱུར་11.77 དུང་ཕྱུར་1.88 དུང་ཕྱུར་2.27 དུང་ཕྱུར་1.92བཅས་ཟིན་ཡོད་པ་དང་། ཐེབས་རྩ་ཁག་ལྔའི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་6.64ཟིན་པ་དེ་དུས་མཚུངས་ལས་23.9%འཕར་བ་དང་། སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་5.69ཟིན་པ་དེ་དུས་མཚུངས་ལས་21.4%འཕར་བ། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཆ་འཕྲིན་ཐོ་བཀོད་མཛོད་སྤྱིར་བཟོས་ཟིན་པ་དང་སྤྱི་ཚོགས་ཀྱི་འགན་སྲུང་གཱ་ཡོད་པའི་མི་གྲངས་དུང་ཕྱུར་10.88ཟིན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད། ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་དེ“བསྟུད་མར་ཐེངས་བཅུ་གསུམ་ལེགས་སྒྲིག”བྱས་པ་དང་། ཁེ་ལས་དང་ལས་ཁུངས་བྱ་གཞག་ཚན་པའི་རྒན་ཡོལ་ཞུས་པའི་མི་སྣའི་རྒན་གསོའི་དངུལ་ཡང་དུས་གཅིག་ཏུ་ལེགས་སྒྲིག་བྱས་པས་རྒན་ཡོལ་ཞུས་པའི་མི་གྲངས་དུང་ཕྱུར་1ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།