འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་
    ལས་འགལ་བའི་གནད་དོན་19བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་28ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་26ཉིན། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚིགས་ཀྱི“གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལྟ་སྐུལ་ཐེར་འདོན་ཡོངས་བསྒྲགས་ཆེད་སྒྲིག”ཐོག་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་19བརྡ་ཁྱབ་བཏང་བ་རེད། དེ་ནི་ཆེད་སྒྲིག་དེར“གཟའ་འཁོར་གཉིས་རེའི་བརྡ་ཁྱབ”ལེ་ཚན་བཟོས་རྗེས་གཅིག་སྡུད་ཐོག་བརྡ་ཁྱབ་གཏོང་ཐེངས་གསུམ་པ་ཡིན་པ་རེད།
         བརྡ་ཁྱབ་བཏང་བའི་གནད་དོན་19ནི་པེ་ཅིང་དང་། ཐེན་ཅིན། ཧྲན་ཤིས། ནང་སོག ལེའོ་ཉིང་། ཧེ་ལུང་ཅང་། ཧྲང་ཧའེ་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་19རུ་ཐོན་པ་ཞིག་རེད། བརྡ་ཁྱབ་ཡོངས་བསྒྲགས་བྱས་པའི་གནད་དོན་ནང་སྒྲིག་འགལ་ངང་ལག་རྟགས་བླངས་པ་དང་། སྒྲིག་འགལ་ངང་སློབ་རིམ་འཕར་བའི་གསོལ་སྟོན་བཤམས་པ། གཞུང་འཁོར་སྒེར་སྤྱོད་བྱས་པ། སྒྲིག་འགལ་ངང་གཞུང་དངུལ་བཏང་ནས་གསོལ་སྟོན་བཤམས་པ་སོགས་ཀྱི་གནད་དོན་ཚུད་ཡོད་པས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང“སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་དུ་ཐོན་རྒྱུ་གཏན་འགོག་བྱ་རྒྱུར་ཟིལ་གནོན་གྱི་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།