འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་2019ལོར་སླེབས་སྐབས་བྱང་ཕྱོགས་ས་ཁུལ་ལ་ནུས་རྒྱུ་གཙང་
    མའི་དྲོད་ལེན་ཐུབ་ཚད་50%ཟིན་པ་བྱ་རྒྱུ་ཡིན་ཞེས་བཤད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་28ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་24ཉིན་རྒྱལ་ཁབ་ནུས་རྒྱུ་ཅུས་གློག་ཤུགས་སིའི་སྐོར་གཟིགས་པ་གཞོན་པ་ཀུའོ་ཝུའེ་ཡིས་《བྱང་ཕྱོགས་ས་ཁུལ་གྱི་དགུན་དུས་ཀྱི་ནུས་རྒྱུ་གཙང་མའི་དྲོད་ལེན་འཆར་འགོད(2017ལོ་ནས་2021ལོ་བར)》(གཤམ་དུ་《འཆར་འགོད་》ཅེས་བསྡུ་རྒྱུ)ལ་གསེད་བཀྲོལ་བྱེད་སྐབས། ནུས་རྒྱུ་གཙང་མའི་དྲོད་ལེན་ཞེས་པ་ནི་རྡོ་སོལ་གློག་ལ་བསྒྱུར་བ་དང་རྡོ་སོལ་དྲོད་རླངས་ལ་སྟབས་བདེའི་ངང་བསྒྱུར་བ་ཙམ་མིན་པར་ནུས་རྒྱུ་མང་པོར་སྤྱི་འདོམས་ངང་ཇུས་འགོད་བྱས་པ་ཞིག་ཡིན་པ་དང་། དེའི་ཁྱབ་ཁོངས་ཀྱང་དྲོད་རླངས་ཀྱི་འབྱུང་ཁུངས་ཕྱོགས་རྐྱང་པར་སྒྱུར་བཅོས་ཙམ་མིན་པར་དྲོད་རླངས་མཁོ་སྤྲོད་ཀྱི་མ་ལག་ཧྲིལ་པོར་ཁྱོན་ཡོངས་ནས་གཙང་མ་དང་ཕན་ནུས་ཆེ་བ་ཡོང་བར་རིམ་སྤོར་བྱས་པ་ཞིག་ཡིན་ཞེས་བཤད།
         《འཆར་འགོད་》ནང་། 2019ལོར་སླེབས་སྐབས་བྱང་ཕྱོགས་ས་ཁུལ་དུ་ནུས་རྒྱུ་གཙང་མའི་དྲོད་ལེན་ཐུབ་ཚད་50%ཟིན་པ་བྱས་ནས་རྡོ་སོལ་སིལ་མ(ཕན་ནུས་ཆུང་བའི་ཁྲོ་ཐབ་ཆུང་ངུར་རྡོ་སོལ་འབུད་པ་ཚུད་ཡོད། གཤམ་དུའང་གཅིག་མཚུངས་ཡིན)ཏུན་ཁྲི་7400འབུད་པའི་ཚབ་བྱ་རྒྱུ་དང་། 2021ལོར་སླེབས་སྐབས་བྱང་ཕྱོགས་ས་ཁུལ་དུ་ནུས་རྒྱུ་གཙང་མའི་དྲོད་ལེན་ཐུབ་ཚད་70%ཟིན་པ་བྱས་ནས་རྡོ་སོལ་སིལ་མ་ཏུན་དུང་ཕྱུར་1.5འབུད་པའི་ཚབ་བྱ་རྒྱུ། ལོ་ལྔ་ཙམ་ནང་སྨུག་རྡུལ་ཚབས་ཆེ་བའི་གྲོང་ཁྱེར་ཅན་གྱི་ས་ཁུལ་ལ་རྡོ་སོལ་སིལ་མ་འབུད་ནས་དྲོད་ལེན་བྱེད་པ་སྤྱིར་ན་ནུས་རྒྱུ་གཙང་མའི་དྲོད་ལེན་ལ་བསྒྱུར་རྒྱུ་ཡིན་པ་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།