འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ནུབ་བྱང་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་མངོན་མིན་རིག་གནས་ཤུལ་བཞག་
    འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་28ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ནུབ་བྱང་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་དངོས་མང་སྟོན་ཚོགས་སྐབས་དང་པོ་ཉིང་ཞ་ཀུའུ་ཡོན་གྲོང་ཁྱེར་ལུང་ཏེ་རྫོང་དུ་གཟབ་རྒྱས་ངང་འཚོགས་ཤིང་། སྐབས་འདིའི་མངོན་མིན་རིག་གནས་ཤུལ་བཞག་དངོས་མང་སྟོན་ཚོགས་ཀྱིས“ནུབ་བྱང་རྒྱུད་ཀྱི་ཞིང་ཆེན་ལྔ·སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་འབྲེལ་མཐུད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས(ཉིང་ཞ་དང་། ཧྲའན་ཤིས། ཀན་སུའུ། མཚོ་སྔོན། ནང་སོག)ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་ས་ཁོངས་དང་རིག་གནས་ཀྱི་ཉམས་འགྱུར་མི་འདྲ་བ་དང“སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཧྲའན་ཤིས་དང་རི་ཆུའི་ཉམས་བཟང”དང་། “མཛེས་སྡུག་ལྡན་པའི་རྩྭ་ཐང་ཆེན་པོ། ངོ་མཚར་ཆེ་བའི་ནང་སོག” “འབྲི་ཆུའི་ལྷོ་རྒྱུད་ཀྱི་ཉམས་འགྱུར། ངོ་མཚར་ཆེ་བའི་ཉིང་ཞ” “དར་གོས་ལམ་བུའི་མཛེས་རིས་བར་ཁྱམས། ཡིད་དུ་འོང་བའི་ཀན་སུའུ” “མཛེས་སྡུག་ལྡན་པའི་མཚོ་སྔོན”བཅས་ལ་བརྟེན་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་དམངས་སྲོལ་རིག་གནས་ཀྱི་སྙིང་བཅུད་གཅིག་སྡུད་ཐོག་མངོན་པ་མ་ཟད། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གདན་དྲངས་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོའི་ཆེས་ཕུལ་བྱུང་གི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་ཀྱི་གྲུབ་འབྲས་འགྲེམས་སྟོན་ཡང་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།