འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རྒྱལ་ཡོངས་ཀྱིས་འབྲུ་རིགས་རྒྱ་མ་དུང་ཕྱུར་8500ཉོ་སྒྲུབ་བྱས་པ། 

    སྲིད་ཇུས་རང་བཞིན་གྱི་མཛོད་ཉར་འབྲུ་རིགས་རྒྱ་མ་དུང་ཕྱུར་1690བེད་སྤྱོད་བྱས་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་24ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2017ལོར་རང་རྒྱལ་གྱི་འབྲུ་རིགས་བསྡུ་ཉར་ལམ་ལུགས་སྒྱུར་བཅོས་དང་མཛོད་ཉར་བེད་སྤྱོད་གཉིས་ཀར་ཕན་འབྲས་གསར་པ་ཐོབ་ཅིང་། རིམ་ཁག་འབྲུ་རིགས་སྡེ་ཚན་གྱིས་སྲིད་ཇུས་རང་བཞིན་གྱི་བསྡུ་ཉོ་དང་ཁྲོམ་རའི་རྣམ་པའི་ཉོ་སྒྲུབ་ལ་སྒྲིག་འཛུགས་ནན་ཏན་བྱས་པས་ལོ་ཧྲིལ་པོར་འབྲུ་རིགས་རྒྱ་མ་དུང་ཕྱུར་8500ཉོ་སྒྲུབ་བྱས་ཡོད། དེ་དང་དུས་མཚུངས། རྒྱལ་ཡོངས་ཀྱི་འབྲུ་རིགས་ཀྱི་གཅིག་གྱུར་འགྲན་གོང་ཉོ་ཚོང་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་། མཛོད་ཉར་འབྲུ་རིགས་བེད་སྤྱོད་ལ་སྐུལ་འདེད་མགྱོགས་པོ་བཏང་བ། ལོ་ཧྲིལ་པོར་སྲིད་ཇུས་རང་བཞིན་གྱི་མཛོད་ཉར་འབྲུ་རིགས་རྒྱ་མ་དུང་ཕྱུར་1690བེད་སྤྱོད་བཏང་བ་བཅས་བྱས་པ་ནི་2016ལོའི་ལྡབ་1.37ཡིན་པ་དང་། སྲིད་ཇུས་རང་བཞིན་གྱི་མཛོད་ཉར་མ་རྨོས་ལོ་ཏོག་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་ལས་28%ཆག་ཡོད་པ་རེད།
         རྒྱལ་ཁབ་འབྲུ་རིགས་ཅུས་ཀྱི་ཅུས་ཀྲང་ཀྲང་ཝུའུ་ཧྥུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རིམ་ཁག་འབྲུ་རིགས་སྡེ་ཚན་གྱིས་འབྲུ་རིགས་འཁོར་རྒྱུག་གི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་འབྲུ་རིགས་བདེ་འཇགས་ཀྱི་འགན་ལེན་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད། འབྲུ་རིགས་ཀྱི་སྲིད་ཇུས་རང་བཞིན་གྱི་ཞིང་པར་ཕན་བདེ་སྐྲུན་པའི་གྲུབ་འབྲས་སྔར་བས་མངོན་གསལ་དོད་པ་དང་ལོར་ཆ་སྙོམས་འབྲུ་རིགས་རྒྱ་མ་དུང་ཕྱུར་8000ཉོ་སྒྲུབ་བྱས་པ་དང་། ཁྲོམ་རར་བརྟེན་ནས་ཉོ་སྒྲུབ་དང་། སྤུས་ཀ་དག་པར་གོང་མཐོ་བ་སྤྲད་པ། འབྲུ་རིགས་བསྡུས་རྗེས་གྱོང་གུན་ཉུང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་རིམ་རྩིས་བྱས་ན་ཞིང་པར་འབབ་འཕར་སྒོར་དུང་ཕྱུར་2000ཡན་བཏོད་རོགས་བྱས་ཡོད། འབྲུ་རིགས་བཀར་འཇུག་བྱེད་སྟངས་ཀྱི་དེང་རབས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་ཆབས་ཅིག གསར་དུ་བསྐྲུན་པའི་ཚད་ལྡན་མཛོད་ཁང་ནང་འབྲུ་རིགས་རྒྱ་མ་དུང་ཕྱུར་1600ཤོང་གི་ཡོད་པས། འབྲུ་རིགས་བཀར་འཇུག་སྒྲིག་བཀོད་དང་ལག་རྩལ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། འབྲུ་རིགས་ཀྱི་སྤྱི་ཁོག་སྙོམས་སྒྲིག་གི་དངོས་པོའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་མ་ཟད། འབྲུ་རིགས་ཀྱི་ཁྲོམ་རའི་འཁོར་རྒྱུག་བརྟན་པོ་རྒྱུན་འཁྱོངས་ཐུབ་ནས་འབྲུ་རིགས་ཐོན་ལས་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་སོང་བ་དང་། བསྡོམས་རྩིས་ནང་ཚུད་པའི་ཁེ་ལས་ཀྱིས་ལོར་ལས་སྣོན་གཞན་སྒྱུར་བྱས་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་ཁྲི་ཙམ་ཟིན་པས་བཟོ་ལས་ཀྱི་སྤྱིའི་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་3ཟིན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།